བཙོན་ཁང་དུ་སྡུག་བསྔལ་མྱོང་བཞིན་པ།
ཕ་ཡུལ་ཁམས་དཀར་མཛེས་རྫོང་ཁོངས་ནས་ཡིན་པ་ལམ་གྲགས་དགོན་པའི་བཙུན་མ་དབངས་སྐྱིད་སྒྲོལ་མ་དང། བསོད་ནམས་དབྱངས་ཅན་གཉིས་ཀྱིས་ཕྱི་ལོ་༢༠༠༩ ཟླ་༣ ཚེས་༢༤ ཉིན་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་རྒྱ་གཞུང་ལ་ཞི་བའི་སྐད་འབོད་བྱས་སྐབས། རྒྱ་དམག་གིས་འཛིན་བཟུང་བྱས་ནས་གཟུགས་པོའི་སྟེང་དུ་ཆུ་ཁོལ་བླུགས་པ་སོགས་ཉེས་རྡུང་ཚད་མེད་བཏང་བ་དང། ད་སྐབས་དཀར་མཛེས་ཁུལ་གྱི་བཙོན་ཁང་དུ་བཅུག་ཡོད་པ་ལས་ཁྲིམས་ཐག་བཅད་མེད་པ་རེད། ཉིན་དེའི་ཆུ་ཚོད་༧ ཙམ་ལ་ཉེན་རྟོག་པ་བཙུན་མ་དེ་གཉིས་ཀྱི་ཁྱིམ་དུ་ཡོང་ནས་ྋགོང་ས་མཆོག་གི་སྐུ་པར་ཕྲོགས་པ་དང། ནང་མི་རྣམས་ལ་རྒྱལ་ཁབ་ཁ་བྲལ་གཏོང་མཁན་རེད་ཟེར་ནས་སྡིགས་ར་སྐུལ་ཡོད་པ་རེད་ཅེས་འབྲེལ་ཡོད་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་སོང།།