སྐབས་དང་པོའི་གཞུང་བརྒྱའི་བགྲོ་གླེང་རྟགས་མ།

དེར་སྐུ་མགྲོན་གཙོ་བོ་བསེ་ཚང་བློ་བཟང་དཔལ་ལྡན་དང་། དོར་ཞི་གདོང་དྲུག་སྙེམས་བློ། བརྩོན་འགྲུས་གྲགས་པ། མཁན་པོ་ཚུལ་ཁྲིམས་བློ་གྲོས། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་སོགས་མཁས་པ་ཉི་ཤུ་ལྷག་དང། གཞན་ཡང་དབུ་ཁྲིད་ཁག་ཅིག་ཀྱང་ཕེབས་ཡོད་འདུག  ཚོགས་ཆེན་ཐོག་བསེ་ཚང་བློ་བཟང་དཔལ་ལྡན་དང་། དོར་ཞི་གདོང་དྲུག་སྙེམས་བློ། མཁན་པོ་ཚུལ་ཁྲིམས་བློ་གྲོས་གསུམ་ལ་ཕུལ་བྱུང་མཁས་དབང་གི་བྱ་དགའ་དང་། དགེ་བཤེས་བློ་བཟང་ལུང་རྟོགས་རྒྱ་མཚོ་དང་། ར་རྒྱ་ཤེས་རིག་ནོར་བུའི་གླིང་གི་འགན་འཛིན་འཇིགས་མེད་རྒྱལ་མཚན་སོགས་མི་བདུན་ལ་ཕུལ་བྱུང་སློབ་གསོའི་བྱ་དགའ། རྨེ་སྤྲུལ་བསྟན་འཛིན་རྒྱ་མཚོ་དང་། ལྡོང་ཡོན་ཏན་རྒྱ་མཚོ་སོགས་མི་དྲུག་ལ་ཕུལ་བྱུང་རྩོམ་རིག་བྱ་དགའ་བཅས་ཁྱོན་མི་བཅུ་དྲུག་ལ་ཐེངས་དེའི་གཞུང་བརྒྱའི་བགྲོ་གླེང་རྟགས་མའི་བྱ་དགའ་ཐོབ་ཡོད་པ་རེད།

ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོ་ནི། ཚན་རིག་སྲིད་ཇུས་དང་མཐུན་པ་དང་བོད་སྐད་ཀྱི་ལམ་ནས། སྤྱི་ཚོགས་བདེ་འཇགས་དང་། མི་རིགས་མཐུན་སྒྲིལ། རིག་གནས་དར་སྤེལ། སློབ་གསོ་གོང་འཕེལ། འཛམ་གླིང་ཞི་བདེ་བཅས་ཀྱི་སྐོར་ཡིན་འདུག  །

 

མཆོད་མེ་རྩོམ་རིག་དྲ་བ་ལས་བཏུས།