སྤྱི་འཐུས་ཚོགས་གཙོ་ཟུར་པ་ཞིག་སྐུ་ཚེ་མ་ཟིན་པ།
ཁོང་ནི་ཕྱི་ལོ་༡༩༥༩ ལོར་ངམ་རིང་རྫོང་ཁོངས་ཀྱི་ཨེ་ཉིན་དཀར་དུ་འཁྲུངས་པ་དང་ཕྱི་ལོ་༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ནས་མ་སུ་རི་གཏན་སློབ་ནང་སློབ་སྦྱོང་གནང༌། དེ་ནས་ཝར་ཎ་བོད་ཀྱི་ཆེ་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སྲོལ་རྒྱུན་སློབ་གཉེར་གནང་བ་དང་ཆབས་ཅིག་ཝར་ཎ་ནས་བོད་རང་དབང་བདེན་པའི་ལས་འགུལ་འགོ་འཛུགས་སྐབས་འགན་རྐང་ལེན་གནང་མཁན་གྱི་གྲས་ཤིག་ཡིན་པ་དང་དེ་བཞིན་མཐོ་སློབ་ཀྱི་སློབ་ཕྲུག་བདེ་དོན་ཚོགས་པའི་ཚོགས་གཙོའི་འགན་ཡང་བཞེས་ཡོད། དེ་ནས་ལྡི་ལི་མཐོ་སློབ་ཏུ་སློབ་གཉེར་གནང་བ་དང་སྦྲགས་ལྡི་ལི་ས་གནས་ཚོགས་ཆུང་གི་ཚོགས་གཙོ་དང་མཐོ་སློབ་ཀྱི་རྒྱལ་སྤྱིའི་སློབ་ཕྲུག་ཚོགས་པའི་སློབ་སྟོན་པ་གནང་མྱོང་ཡོད། སྤྱི་འཐུས་སྐབས་བདུན་པའི་དབུས་གཙང་འཐུས་མི་དང་བཞུགས་སྒར་འཕགས་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་པོའི་མཚན་གནས་བཞེས་ཡོད། ཕྱི་ལོ་༡༩༧༩ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནང་སྔ་འགྱུར་རྙིང་མའི་འཐུས་མིར་འདེམས་ཐོན་བྱུང་བ་དང་སྦྲགས་གྲོས་ཚོགས་ཀྱི་ཚོགས་གཞོན་དང༌། དེ་རྗེས་ཚོགས་གཙོའི་ཐུགས་འགན་ཡང་བཞེས་ཡོད། སྐུ་གཤེགས་དམ་པ་ཁོང་ནས་ཕྱི་ལོ་ ༡༩༩༠ བར་རང་གཞུང་ལ་སྲི་ཞུའི་ཞབས་ཕྱི་ཞུས་པ་དང། ཕྱི་ལོ་༡༩༩༢ ལོར་ཨ་རི་ལོ་སི་ཨེན་ཇི་ལེ་སིར་ཕེབས་ནས་དགོངས་པ་མ་རྫོགས་བར་རྙིང་དགོན་དོན་གྲུབ་གླིང་གི་འཛིན་སྐྱོང་ཕྱག་ལས་གནང་ཡོད་པ་རེད།།