བོད་མིའི་རྒྱ་གར་པར་གདུང་སེམས་མཉམ་བསྐྱེད།

སྐབས་དེར་མེ་སོར་རྫོང་དཔོན་ཡང་སྐར་མ་བཅུ་ཙམ་ལ་སྨོན་ལམ་ནང་མཉམ་ཞུགས་གནང་བ་དང། སྨོན་ལམ་གོ་སྒྲིག་པ་རྣམས་ཀྱིས་ཆུ་ལོག་གནོད་སྐྱོན་ཕོག་ཡུལ་གྱི་མི་སེར་རྣམས་ཀྱི་འཚོ་གོས་ཁང་ཁྱིམ་སོགས་ཉམ་གསོ་རོགས་སྐྱོར་མཚོན་ཆེད་བྷེལ་ཀོབ་བོད་མིས་ནས་དངུལ་བསྡུས་ནས་ཧིན་སྒོར་༦༠༠༠༠༠ དང་ལས་བྱེད་རྣམས་ཀྱི་ཉིན་གཅིག་གི་གསོལ་ཕོག་བསྡུས་དངུལ་ཧིན་སྒོར་༡༠༤༧༦༥ བཅས་ཁྱོན་ཧིན་སྒོར་༧༠༤༌༧༦༥ རྫོང་དཔོན་བརྒྱུད་ནས་ཕུལ་ཡོད་པ་རེད། མེ་སོར་རྫོང་དཔོན་གྱིས་ཁྱེད་རྣམས་པའི་བརྩེ་སེམས་དང་ཐུགས་ཁུར་ལ་ངས་རྫོང་དང་མི་མང་གི་ཚབ་བྱས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཧ་ཅང་དགའ་བོ་བྱུང། བྱེད་སྟངས་འདི་ཚོ་ཧ་ཅང་ཡག་པོ་འདུག་ཅེས་གསུངས་སོང།
གོ་སྒྲིག་པས་རྒྱ་གར་ལྷོ་ཕྱོགས་དང་ལྷག་པར་ཀར་ཎཌ་ཀ་མངའ་སྡེ་ནི་བོད་མི་རྣམས་ལ་གཏོང་ཕོད་དང་བྱམས་སེམས་ཆེན་པོ་ཡིན་པས། ད་ཐེངས་ཆུ་ལོག་གི་དོན་རྐྱེན་འོག་མི་ཤི་གོད་ཆག་བྱུང་བ་དེར་ང་ཚོས་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་རེད། གཞན་ཧོན་སུར་རབ་རྒྱས་གླིང་གཞིས་ལས་ཁང་དང་མཉམ་འབྲེལ། སྨན་རྩིས་ཁང༌། འཕྲོད་བསྟེན་བཅས་ཀྱི་ལས་བྱེད་རྣམས་ཀྱི་ཉིན་གཅིག་གི་གསོལ་ཕོག་དང་མི་མང་གི་ཞལ་འདེབས་བཅས་ཧིན་སྒོར་༤༢༢༠༠ ལྷག་གོ་སྒྲིག་པ་དེ་དག་བརྒྱུད་ནས་ཕུལ་ཡོད་ཡོད་ཅེས་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས་ལགས་ཀྱིས་འགྲེལ་བརྗོད་གནང་སོང༌། མེ་སོར་གསར་འགོད་པས།