དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ།

ྋགོང་ས་མཆོག་གིས་དགའ་ལྡན་ཁྲི་པ་ཡོང་སྟངས་དེ་དམིགས་བསལ་གྱིས་ལམ་ལུགས་ཡག་པོ་ཡིན་པའི་སྐོར་བཀའ་སློབ་གནང་བ་དང། དགའ་ལྡན་ཁྲི་པ་གསར་པའི་སྐོར་གསུང་དོན། དགའ་ལྡན་ཁྲི་རིན་པོ་ཆེ་ང་ཚོ་བཙན་བྱོལ་ལ་ཕེབས་རྗེས་འབྲས་སྤུངས་བློ་གསལ་གླིང་གི་མཁན་པོ་གནང་བ་རེད། དེའི་རིང་ལ་འཛེམས་ཟོན་དང། རང་དོན་ཕྱོགས་ལྷུང་རྩ་བ་ནས་མེད་པའི་ཐོག བསམ་པ་རྣམ་དག་གིས་ཧུར་ཐག་གནང་བ་རེད། ད་ལྟ་དགའ་ལྡན་ཁྲི་པར་ཕེབས་པ་རེད་ཅེས་གསུངས་པ་དང། ྋགོང་ས་མཆོག་སྐུ་སྒེར་གྱི་ངོས་ནས་རི་རྫོང་རིན་པོ་ཆེའི་མདུན་ནས་གཞུང་མང་པོའི་ལུང་ཐོབ་པས། ཞེ་དྲག་རྩ་ཆེན་པོ་ཡིན་པའི་སྐོར་བཀའ་གནང་སོང། ྋམགོན་པོ་གང་ཉིད་ཀྱིས་མུ་མཐུད་གསུང་དོན། རིན་པོ་ཆེར་དམིགས་བསལ་གྱིས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ལྟ་བར་དུ་ཧུར་ཐག་གནང་སོང། བོད་སྤྱིའི་དོན་དུ་ཡང་ཐུགས་ཁུར་ཞེ་དྲག་གནང་བ་རེད། ད་དུང་དགའ་ལྡན་ཁྲི་པའི་མཚན་ཐོག་ནས་བསྟན་པ་དང། འགྲོ་བའི་དོན་དུ་རྒྱ་ཆེན་གནང་ཐུབ་པའི་གོ་སྐབས་ཏན་ཏན་ཡོད་པ་རེད། རིན་པོ་ཆེས་ཐུགས་ཁུར་བསྐྱེད་ནས་ཧུར་ཐག་གནང་རོགས་ཞུ་རྒྱུ་ཡིན་ཞེས་སོགས་བཀའ་གནང་ཡོད་པ་རེད།།
བྱང་རྩེ་ཆོས་རྗེ་རི་རྫོང་རིན་པོ་མཆོག་ལ་མཚོན་ན། འཁྲུངས་ཡུལ་ལ་དྭགས་ནས་ཡིན་པ་དང༌། བོད་ས་མ་ཤོར་གོང་ནས་གདན་ས་ཆེན་པོ་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་གནང་ཡོད་པ་དང༌། བོད་ས་ཤོར་བའི་རྗེས་སུའང་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་འབྲས་བློ་གླིང་གྲྭ་ཚང་གི་མཁན་པོའི་མཛད་འགན་བཞེས་པ་སོགས་ད་ལྟའི་བར་གདན་ས་རུ་བཞུགས་ནས་སྐུ་ཚེ་གང་པོར་ཐོས་བསམ་སློབ་གཉེར་དང་འཆད་རྩོད་རྩོམ་གསུམ་གྱི་བྱ་བ་ཁོ་ནས་འདའ་བར་མཛད་ཡོད་པ་རེད།།