དམིགས་བསལ་གསལ་བསྒྲགས།
བོད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་སྒྲིག་འཛུགས་ཁག རིས་མེད་ཆོས་བརྒྱུད་སོ་སོའི་གདན་ས་གྲྭ་ཚང་དང་བླ་བྲང་ཁག གཞུང་སྒེར་གྱི་སློབ་གྲྭ་ཁག དེ་བཞིན་ལུང་ཚན་སོ་སོའི་ཚོགས་པ་སྐྱིད་སྡུག་ཁག་དང་མི་སྒེར་སོགས་འཛམ་གླིང་གི་རྒྱལ་ཁབ་གང་སར་བཞུགས་པའི་བོད་མི་ཡོངས་ཀྱིས་གལ་ཆེ་བའི་དུས་དྲན་ཁྱད་པར་ཅན་འདིར་འཚམ་འདྲི་དང་སྨོན་ཚིག་གསར་ཤོག་བརྒྱུད་ནས་འབུལ་འདོད་ཡོད་པ་ཚོས་བདུན་རེའི་གསར་ཤོག་བོད་ཀྱི་བང་ཆེན་ལ་འབྲེལ་བ་གནང་ན་གོང་ཚད་དུས་རྒྱུན་ལས་དམིགས་བསལ་གྱིས་ཆག་ཡང་ཞུ་རྒྱུ་ཡིན་པ་དང། འཚམ་འདྲིའི་སྨོན་ཚིག་དེ་དག་ཚགས་པར་ཙམ་མ་ཡིན་པར་དྲ་རྒྱའི་ནང་དུའང་འགོད་རྒྱུ་ཡིན། བོད་ཀྱི་བང་ཆེན་གསར་ཤོག་དུས་རྒྱུན་བདུན་ཕྲག་རེ་རེ་བཞིན་༧གོང་ས་མཆོག་གི་སྐུའི་བླ་གཟའ་རེས་གཟའ་ལྷག་པ་ནམ་ཡིན་ལ་འདོན་འགྲེམས་ཞུ་བཞིན་ཡོད་པ་ལྟར། བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་༢༥༨ པ་དེ་ཕྱི་ཟླ་༡༢ པའི་ཚེས་༩ ལ་ཁེལ་འདུག་པ་འདི་མ་བསྒྲིགས་རང་འགྲིགས་སུ་གྱུར་འདུག་པས་དེ་ལུགས་དགོངས་མངའ་ཡོང་བའི་གསལ་བསྒྲགས་སུ།
བདུན་རེའི་གསར་ཤོག་བང་ཆེན་རྩོམ་སྒྲིག་ཁང་ནས།