གསལ་བསྒྲགས།

༸རྒྱལ་དབང་ཀརྨ་པ་མཆོག་ནས། རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ཐམས་ཅད་མཁྱེན་པའི་ལམ་སྟོན་ལོ་སྔོན་མའི་འཕྲོ་བསྐྱང་ནས་མཇུག་ཡོངས་སུ་གྲུབ་པའི་བར་བཤད་ལུང་གནང་འཆར་དང། ད་དུང་གསུང་ཆོས་ཀྱི་སྐབས་སོ་སོའི་སྒོམ་རིམ་དང་ཐུན་སོ་སོའི་འདོན་བྱའི་འགྲེལ་བཤད། རྗེ་མི་ལའི་བླ་སྒྲུབ་ཀྱི་སྨིན་དབང་དང། གཏེར་སྒར་དགོན་དུ་མགོན་པོ་མི་འཁྲུགས་པའི་སྒོ་ནས་གཤིན་ཆོག་བྱང་སྲེག་བཅས་མཛད་གཏན་ཁེལ། དེ་བཞིན་སྐུ་རིམ་ཁག་བསྟན་སྲིད་ཞབས་རིམ། སྨན་ཆོག བཀའ་འགྱུར་དག་སྒྲོགས། མི་འཁྲུགས་པའི་དཀྱིལ་ཆོག་དང་མདོ་སྒྲོགས། གནས་ཆོག བསོད་སྙོམས་འབུལ་རྒྱུ། བླ་མ་མཆོད་པའི་ཚོགས། མར་མེའི་སྨོན་ལམ་དང། མི་ལའི་རྣམ་ཐར་འཁྲབ་སྟོན་བཅས་གནང་གཏན་ཁེལ་བས་ཐུགས་འཇགས་མཛད་གྲུབ་ཞུ།
ཕྱི་ལོ་༢༠༠༩ ཟླ་༡༠ ཚེས་༢༡ ཉིན་བཀའ་བརྒྱུད་སྨོན་ལམ་གོ་སྒྲིག་ཚོགས་ཆུང་ནས་ཕུལ།