ཆོས་བརྡ་གསལ་བསྒྲགས།
བ་རི་བརྒྱ་རྩ། ལྷོ་བྲག་སྙན་བརྒྱུད། སྟག་ཕུ་དག་སྣང་བཅུ་གསུམ། མགོན་པོ་བཀའ་ཆེན་བཅོ་ལྔ་བཅས་ཀྱི་གསུང་ཆོས་བཀའ་དྲིན་བསྐྱང་རྒྱུ་དང།
གོང་ཚེས་ཉིན་སྔ་དྲོ་རྭ་སྟོད་གྲྭ་ཚང་དུ་སྐྱབས་མཆོག་རྭ་སྐྱོང་བླ་རིན་པོ་ཆེ་མཆོག་ནས་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་ལོ་སྔོན་མའི་འཕྲོ་ནས་ལྗགས་ལུང་བསྩལ་རྒྱུ་ཐུགས་གཏན་ཁེལ་སོང་བས་དེ་དོན་གསུང་ཆོས་སུ་ཕེབས་དགོངས་ཡོད་རིགས་ནས་གཤམ་གསལ་ཞལ་པར་ཐོག་འབྲེལ་བ་གནང་སྐྱོང་ཡོང་བ་ཞེས་སྔོན་ཚུད་དགོངས་ཆུབ་ཡོང་ཆེད་ཆོས་བརྡར། འབྲས་བློ་གླིང་གྲྭ་ཚང་དང། ཡོངས་འཛིན་གླིང་བླ་བྲང་ཐུན་མོང་ནས།
ཕྱི་ལོ་༢༠༠༩ ཟླ་༡༠ ཚེས་༢༡ ལ་ཕུལ།
འབྲེལ་བ་གནང་ཡུལ་ཞལ་པར་ཨང།
ཕྱག་མཛོད་དགེ་བཤེས་བསྟན་འཛིན་བློ་བཟང། 09845444708
གླིང་ཞབས་ཚེ་བརྟན། 09845222760