སྤྱི་ཡོངས་རེ་སྐུལ།
“རིམ་པས་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་ཐོན་པ་དགོས་པ་ལས། འཛིན་གྲྭ་བཅུ་གཉིས་དང༌། བཅོ་ལྔ་བཅུ་དྲུག་ཐོན་པ་ཡིན་ཞེས་ལག་འཁྱེར་ཡོད་པ་ཙམ་གྱི་མི་འགྲིགས། ལས་རིགས་གང་དང་གང་ཡིན་ཡང་རང་རྐྱ་འཕེར་བའི་སྒོ་ནས་བསམ་བློ་གཏོང་ཐུབ་པ་དང༌། འཆར་གཞི་བཀོད་ཐུབ་པ། ལག་ལེན་བྱེད་ཐུབ་པ་བཅས་ཀྱི་རིགས་གཅིག་རྐང་འཛིན་པ་ཐོན་པ་བྱེད་དགོས།” ཞེས་སོགས་དང༌། ཡང་ ༢༠༠༨ ཟླ་ ༡༡ ཚེས་ ༢༣ ཉིན་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་ཚོགས་བཅར་བ་ཡོངས་ལ་བསྩལ་བའི་བཀའ་སློབ་ནང་སླར་ཡང༌། “ཁྲིམས་ལུགས་སོགས་ལས་རིགས་གང་གི་ཐོག་རང་རྐྱ་འཕེར་བའི་རིགས་གཅིག་རྐང་འཛིན་དང་ཉམས་ཞིབ་བྱེད་ཐུབ་མཁན་་་་་་་་ཕྱི་མི་ཚོ་དང་རྐུབ་སྟེགས་འདྲ་མཉམ་དུ་སྡོད་ཐུབ་མཁན་དེ་འདྲ་ཐོན་པ་བྱེད་དགོས།” ཅེས་སོགས་ཕེབས་ཡོད།
བཀའ་སློབ་དེ་དག་ཕེབས་པར་བརྟེན་ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་གསུམ་པ་ནང་སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༧ པའི་ཐོག་གྲོས་ཆོད་གཏན་འབེབས་གནང་བའི་ནང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྔ་རྗེས་སྤྱི་ཕེབས་དགོངས་དོན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཤེས་ཡོན་སྤྱི་དང༌། ལྷག་པར་དུ་རིགས་གཅིག་རྐང་འཛིན་ཐད་ཐུགས་དགོངས་ལྟར་མ་འགྲུབ་པའི་སྐྱོན་གནད་གར་ཐུག་ཞིབ་འཇུག་དང་ལམ་སྟོན་སླད་སྤྱི་འཐུས་ཀྱི་ཚོགས་ཆུང་ཞིག་ཚོགས་གཙོ་སྦྲེལ་པོས་བསྐོ་འཛུགས་གནང་རྒྱུ་གསལ་བ་ལྟར་ད་ཆ་ཚོགས་ཆུང་གིས་ལས་དོན་ཞུ་མུས་སུ་ཡོད་ཐོག་ནས་ད་ལམ་རང་རེའི་མང་ཚོགས་ནང་བཙན་བྱོལ་བོད་མིའི་ཤེས་ཡོན་སྤྱི་དང༌། ལྷག་པར་རིགས་གཅིག་རྐང་འཛིན་ཐོག་ཐུགས་ཁུར་ཡོད་མཁན་སུ་ཡིན་ནས་ལྷག་བློ་ཆེ་བསྐྱེད་ཀྱིས་ཟུར་གསལ་སྐུ་སྒེར་གྱི་ལོ་རྒྱུས་འབུད་ཙམ་དང༌། དྲི་བ་ཁག་ལ་བཀའ་ལན་གནང་སྐྱོང་ཞུ་རྒྱུ། འོན་ཀྱང་དགོས་དབང་གིས་སྐུ་སྒེར་ལོ་རྒྱུས་མེད་པར་དྲི་བ་ཁག་ལ་བཀའ་ལན་གནང་ན་ཡང་འཐུས་རྒྱུ། བཀའ་ལན་ཕྱི་ལོ་ ༢༠༡༠ ཟླ་ ༡ ཚེས་ ༡༥ འགྱངས་མེད་འདི་ག་སྤྱི་ལྷན་དུ་གནང་འབྱོར་ཟིན་པ་དགོས་རྒྱུའི་ཡོངས་ཁྱབ་རེ་སྐུལ་དུ།
སྤྱི་འཐུས་ལྷན་ཚོགས་ཀྱི་རིགས་གཅིག་རྐང་འཛིན་ཐོག་ཆེད་འཛུགས་ཚོགས་ཆུང་ནས་ཕྱི་ལོ་
༢༠༠༩ ཟླ་ ༡༡ ཚེས་ ༢ ལ་
ཕུལ།། །།
སྤྱི་འཐུས་ཀརྨ་ཆོས་འཕེལ། ཚོགས་གཙོ།
སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ། དྲུང་ཆེ།
སྤྱི་འཐུས་སྒྲོལ་མ་ཚེ་རིང༌། ཚོགས་མི།
Address:
‘Rigchig Kangzin Committe’
Tibetan Parliament-in-Exile
Gangchen Kyishong
P.O.K.B. Dharamsala-176215 Distt. Kangra, H.P. India
༄༅། །བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རིགས་གཅིག་རྐང་འཛིན་ཐོག་ཆེད་འཛུགས་ཚོགས་ཆུང་ ནས་རིགས་གཅིག་རྐང་འཛིན་ཐོག་དགོངས་འཆར་བསྡུ་ལེན་བྱ་ཕྱོགས་ཀྱི་དྲི་ཤོག་གཤམ་གསལ།
༡༽ མཚན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༢༽ མཚན་གནས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༣༽ ཕྱག་ལས་གནང་རྒྱུན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
༤༽ ད་ལྟའི་ཁ་བྱང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཀ༽ སྐུ་ཉིད་ཀྱི་དགོངས་པར་རིགས་གཅིག་རྐང་འཛིན་ཞེས་པའི་ངོ་བོའམ་གོ་དོན་གང་ཞིག་ལ་ངོས་འཛིན་ཞུ་གནང་གི་ཡོད་དམ།
ཁ༽ རིགས་གཅིག་རྐང་འཛིན་ཐད་ཐུགས་དགོངས་ལྟར་མ་འགྲུབ་པའི་སྐྱོན་གནད་གར་ཐུག་སྐོར་དགོངས་ཚུལ་ཇི་ཡོད།
ག༽ བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རིགས་གཅིག་རྐང་འཛིན་གྱི་གནས་སྟངས་ཐོག་སྤྱི་ཡོངས་དགོངས་ཚུལ་གང་ཡོད་དམ།
ང༽ མ་འོངས་པར་བོད་མིའི་སྤྱི་ཚོགས་ནང་རིགས་གཅིག་རྐང་འཛིན་ཚགས་ཚུད་ཡོང་ཐབས་སུ་དགོངས་འཆར་ཇི་ཡོད།
ཅ༽ བཙན་བྱོལ་བོད་གཞུང་གིས་རིགས་གཅིག་རྐང་འཛིན་གྱི་ལས་དོན་ཚགས་ཚུད་ཡོང་སླད་ཕྱག་བཞེས་བསྟར་གལ་གང་དང་གང་གཟིགས་ཀྱི་ཡོད་དམ།
ཆ༽ ད་ཡོད་བཙན་བྱོལ་བོད་མིའི་ཤེས་ཡོན་སྤྱིའི་གནས་སྟངས་ཐད་དགོངས་ཚུལ་ཇི་ཡོད།
ཇ༽ གོང་གསལ་དུ་མ་ཚུད་པའི་གནད་དོན་གཞན་གསུངས་འོས་ཇི་ཡོད།