དེབ་གཉིས་ཀྱི་ཐོག་ཏུ་མཁས་པའི་བགྲོ་གླེང།
སྐབས་དེར་ཕྱི་ལོགས་ནས་ཕེབས་པའི་གསུང་བཤད་གནང་མཁན་རྒྱ་གར་ཧིན་རྡུ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་ཟུར་པ་མཁས་དབང་Prushhotamདང། གྷན་དྷིའི་ཀར་ཤྲི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་ཟུར་པ་མཁས་དབང་Pro.S.S. Kushwale གཉིས་དང། གཙུག་ལག་ཁང་འདིའི་མཁས་དབང་Pro.N.K.Mishraབཅས་ཆེད་དུ་གདན་འདྲེན་ཞུས་ཡོད་པ་དང། གཙུག་ལག་སློབ་ཁང་འདིའི་ཉེ་བའི་རིགས་བདག་ཆེན་པོ་དགེ་བཤེས་ངག་དབང་བསམ་གཏན་མཆོག་གིས་ངོ་སྤྲོད་གསུང་བཤད་གནང་དོན། མཁས་དབང་ Dr.B.P Singh མཆོག་ནི་གཙུག་ལག་སློབ་གཉེར་ཁང་འདིའི་སྐབས་གསུམ་ཙམ་གྱི་རིང་ལ་ཉེ་བའི་རིགས་བདག་གི་མཚན་གནས་བཞེས་ནས་ལས་དོན་རྒྱ་ཆེན་པོའི་ཐོག་ནས་ཕྱག་ལས་གནང་ཡོད་པ་རེད། ཁོང་ནི་དོན་དམ་གྱི་རྩོམ་པ་པོ་ཞིག་དང༌། ལྟ་གྲུབ་སྨྲ་བ། བསམ་བློ་སྨྲ་བའི་རྒྱ་གར་གྱི་མཁས་པ་ཙམ་མ་ཟད་འཛམ་གླིང་གི་མཁས་པའི་དཀྱིལ་དུ་འོད་སྟོང་འབར་བའི་མཁས་དབང་ཞིག་རེད་ཅེས་གསུངས་སོང༌། མཁས་དབང་རྣམ་པའི་བགྲོ་གླེང་ཚར་རྗེས་རྩོམ་པ་པོ་རང་ཉིད་ཀྱིས་དེབ་དེ་གཉིས་རྩོམ་དགོས་པའི་དམིགས་ཡུལ་དང་རྒྱབ་ལྗོངས་བཅས་ཀྱི་ཐོག་ལ་བཀའ་སློབ་གནང་བ་དང། ཁོང་གིས་དགའ་ཚོར་ཆེན་པོས་གསུང་དོན། ཁོང་གི་དཔེ་དེབ་འདི་གཉིས་འཛམ་གླིང་ནང་སྐད་གྲགས་ཡོད་པའི་དབྱིན་ཇིའི་Oxfordགཙུག་ལག་སློབ་གཉེར་ཁང་གིས་དཔར་བསྐྲུན་བྱས་པ་མ་ཟད། ཨ་རིའི་སྲིན་འཛིན་སྐུ་ཞབས་ཨོ་བྷ་མས་དེབ་དེ་ནས་ལུང་འདྲེན་གྱི་བཀའ་སློབ་གནང་སོང་བའི་དགའ་ཚོར་ཆེན་པོ་བྱུང་བའི་སྐོར་ལ་ཡང་གསུངས་ཡོད་པ་རེད། སྐབས་འདིའི་མཁས་པའི་བགྲོ་གླེང་ནང་ཕྱི་ལོགས་ནས་མཁས་དབང་བརྒྱ་ལྷག་ཙམ་དང༌། གཙུག་ལག་སློབ་གཉེར་ཁང་འདིའི་དགེ་ལས་དང་འཛིན་གྲྭ་རྒན་པའི་སློབ་གཉེར་བ་རྣམས་ཚོགས་ཞུགས་བྱས་ཡོད་པ་རེད།།