ཁམས་སོག་རྫོང་ནས་ཡིན་པའི་ན་གཞོན་ཞིག་འཛིན་བཟུང།

དེ་སྔོན་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་ཚར་བ་ལྟར་ཕྱི་ཟླ་༡༠ ཚེས་༡ རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་འཛིན་བཟུང་བྱས་པའི་སོག་རྫོང་གི་ན་གཞོན་གསུམ་གྱི་གྲས་སུ་ཡོད་པ་ཞིག་རེད་འདུག་ལ། ཁྱོན་བསྡོམས་ད་བར་ཉེས་མིང་གཅིག་གི་འོག་སོག་རྫོང་ནས་ཡིན་པའི་ན་གཞོན་ལྔ་འཇུ་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་རེད།།