གསལ་བསྒྲགས།

༄༅།  །སྔར་རྒྱུན་བཞིན་རིས་མེད་བསྟན་པའི་གསལ་བྱེད་འདུལ་འཛིན་མཁས་གྲུབ་གཉིས་ལྡནྋཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་འདས་མཆོད་སྨོན་ལམ་སྐབས་བདུན་པ། ཕྱི་ལོ༢༠༡༠ལོའི་ཟླ་༡ཚེས༡༠་ནས་བཟུང་ཉིན་གཉིས་རིང་འཚོགས་གཏན་ཁེལ་བ་ལ་ཉིན་གཅིག་གི་སྦྱིན་བདག་མཁན་པོ་ཀརྨ་ལགས་དང༌། གཞན་གོ་སྒྲིག་ཚོགས་ཆུང་ནས་སྐུ་ཡོན་བཞེས་ལག་གི་དོད་སོགས་ཞབས་ཏོག་བསྙེན་བཀུར་གང་ནུས་ཞུ་འཆར་ལགས་ན། རིས་མེད་གྲྭ་བཙུན་གང་མང་ཕེབས་རྒྱུའི་གསོལ་འདེབས་དང༌། བྱེ་བྲག་བླ་རུང་གི་སློབ་རྒྱུད་རྣམས་སྔ་ཙམ་ནས་ངེས་ཕེབས་ཡོང་བའི་གསལ་བསྒྲགས་སུ།།
འདས་མཆོད་གོ་སྒྲིག་ཚོགས་ཆུང་ནས།