ཚན་རིག་གི་འགྲེམས་སྟོན།

དེ་རིང་གི་ཚན་རིག་འགྲེམས་སྟོན་འདི་བྱེད་དོན་ནི། སློབ་ཕྲུག་ཚོར་ལོ་རིམ་གསུམ་པ་ནས་བཟུང་ཚན་རིག་གི་ཐོག་སློབ་ཁྲིད་བྱེད་ཀྱི་ཡོད་པར་བརྟེན། ཁོང་ཚོས་ཤེས་སླ་བ་དང་ཤེས་ཚད་མྱུར་དུ་འགྲོ་བ། ལྷག་པར་དོ་སྣང་ཡོང་ཆེད་སོགས་ཕྱོགས་ཡོངས་ནས་ཕན་ཐོགས་ཆེན་པོ་ཡོད་པ་དང། སློབ་ཕྲུག་ཚོའི་རི་མོའི་ལམ་ནས་འགྲེལ་བཤད་བྱེད་སྐབས་ནོར་འཁྲུལ་དང་འགྲིག་མིན་ལ་ལྟ་རྟོགས་བྱེད་མཁན་ཚན་རིག་ལ་སྦྱོབ་སྦྱང་བྱེད་མྱོང་མཁན་གྲྭ་པ་རྒན་པ་ཚོས་ལྟ་ཞིབ་བྱེད་ཀྱི་ཡོད་པ་རེད། འགྲེམས་སྟོན་གྱི་ནང་དོན་དེ་ཡང་གཟའ་སྐར་གྱི་རྒྱུ་ཕྱོགས་དང་འཇིག་རྟེན་བྱུང་རིམ་དབང་ལྔའི་ཚོར་ཤེས་སོགས་ཇི་ལྟར་བྱུང་གི་ཡོད་མེད་སྐོར་ཚན་རིག་གི་ཐོག་ནས་སློབ་མ་ཚོས་འགྲེལ་བཤད་བྱེད་ཀྱི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང༌།།                                                                         མོན་གྷོ་གསར་འགོད་པས།