རྒྱ་གར་གྱི་སྲིད་བློན་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད།

ཡིན་ནའང་རྒྱ་གར་ལ་རིན་ཐང་གཅིག་ཡོད་པ་ནི། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང༌། རང་དབང༌། ཁྲིམས་ལ་སྲུང་བརྩི། ཆོས་ལུགས་འདྲ་མིན་ལ་གུས་ཞབས། མི་རིགས་འདྲ་མིན་ལ་ཐོབ་ཐང་འདྲ་མཉམ་ཡོད་པ་དེ་རེད་”ཅེས་གསུངས་ཡོད་པ་རེད།
དེ་ཡང་ཟླ་འདིའི་ཚེས་༢༤ ཉིན་ཨ་རིའི་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་དང་ཨ་རི་གཞུང་གཉིས་ཨ་རིའི་འཛིན་སྐྱོང་རྙིང་པའི་སྐབས་སུ་ནས་རྡུལ་ཕྲན་གྱི་ཚོང་འབྲེལ་སོགས་ཧ་ཅང་ཡག་པོ་ཡོད་པ་དང༌། དེ་བཞིན་དུ་པཱ་ཀི་སི་ཐན་སོགས་སུ་ཡོད་པའི་འཇིགས་སྐུལ་རིང་ལུགས་པར་གདོང་ལེན་བྱེད་ཕྱོགས་དང། རྒྱ་དཀར་ནག་གཉིས་ཀྱི་གནད་དོན་དང་འབྲེལ་ནས་ཨེ་ཤ་ཡར་ཞི་བདེ་ཡོང་ཐབས། བདུན་སྔོན་མར་ཨ་རིའི་སྲིད་འཛིན་མཆོག་རྒྱ་ནག་གི་སྲིད་འཛིན་ཧུའུ་དང་མཇལ་འཕྲད་ཀྱིས། ཚོང་དོན་དང་ལས་དོན་མང་པོའི་ཐད་ལ་གྲོས་མོལ་བྱུང་ཡོད་པ་རྣམས་ལ། རྒྱ་གར་གཞུང་ཕྱོགས་ནས་གཟིགས་ཚུལ་གང་ཡོད་མེད་བཅས་ཀྱི་དོན་དུ། རྒྱ་གར་གྱི་སྲིད་བློན་མཆོག་ཨ་རིར་ཕེབས་པ་རེད་ཅེས་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།
གཟིགས་སྐོར་འདི་དང་བསྟུན་ནས་སྲིད་བློན་མན་མཱོ་ཧན་སིང་མཆོག་གིས། “རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་འཐབ་རྩོད་དེ་དུས་ཡུན་རིང་པོར་གནས་པ་རེད། ང་ཚོའི་ངོས་ནས་ལོ་གྲངས་ལྔའི་རིང་རྒྱ་ནག་ལྷན་དུ་གྲོས་མོལ་གྱི་ལམ་ནས་ཕྱོགས་ཕན་ཚུན་གཉིས་ཞི་བདེའི་ངང་རྒྱུན་གནས་ཐུབ་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡོད། སྤྱིར་མང་གཙོ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྲིད་བྱུས་དེ། མང་གཙོའི་རིང་ལུགས་མེད་པའི་རྒྱལ་ཁབ་ཚོའི་སྲིད་བྱུས་ཤོག་ཐོག་ཏུ་ཕབ་ཡོད་པ་བཞིན་དུ་བསྒྱུར་བཅོས་གཏོང་རྒྱུ་ལས་སླ་པོ་མེད། རྒྱ་ནག་ལ་དེང་སྐབས་གདེང་ཚོད་ཆེན་པོ་ཞིག་སླེབས་ནས་མདུན་བསྐྱོད་བྱེད་ཀྱི་ཡོད་ཀྱང༌། རྒྱ་གར་གཞུང་ནི་ནམ་ཡང་མང་གཙོའི་རིང་ལུགས་མེད་པའི་ལངས་ཕྱོགས་དེའི་ཐོག་བསྐྱོད་མི་སྲིད་ལ། ངས་རྒྱ་ནག་གི་ལངས་ཕྱོགས་དེ་ནམ་ཡང་འདེམས་མི་སྲིད་”ཅེས་གསར་འགོད་པའི་དྲི་བར་ལན་འདེབས་གནང་ཡོད་པ་རེད།།

This will close in 0 seconds