བོད་མི་གཉིས་ལ་ཁྲིམས་ཆད།

སྔར་ལོ་བོད་ཀྱི་ཞི་རྒོལ་ཆེན་མོའི་ནང་ཞུགས་མཁན་བླ་བྲང་དགོན་པའི་གྲྭ་ཚུལ་ཁྲིམས་ལགས་རྒྱ་ནག་གཞུང་གིས་༢༠༠༨ ལོའི་ཕྱི་ཟླ་༥ པའི་ནང་ཁ་བྲལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ཏེ། ཀན་ལྷོ་གཙོད་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཁྲིམས་རྩོད་པ་དང་ནང་མི་གང་ཡང་མེད་པའི་ཐོག་ལོ་༢༠ ཁྲིམས་ཆད་བཏང་ཡོད་པ་དང། ད་ལྟ་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་པོ་ཆགས་ཡོད་འདུག དུས་འཁོར་ཐབས་མཁས་༢༠༠༨ ལོའི་ཕྱི་ཟླ་༥ པའི་ནང་འཛིན་བཟུང་བྱས་ཏེ། ལོ་༡༥ ཁྲིམས་ཆད་བཏང་ཡོད་པ་དང། ཁོང་ལ་བཙོན་ཁང་ནས་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བར་བརྟེན། ཉེ་ཆར་སྨན་ཁང་ནས་བཤའ་བཅོས་བྱེད་དགོས་བྱུང་ཡོད་པ་མ་ཟད། ཁོང་གི་ཀླད་པ་ལ་སྐྱོན་བཏང་ཡོད་པའི་གནས་ཚུལ་ཡང་བྱུང་ཡོད་འདུག།།