འཚམས་འདྲིའི་ཤིས་ཚིག

མི་ལོ་ཧྲིལ་པོ་ཉི་ཤུ་འཁོར་བའི་དགའ་སྟོན་དུས་ཆེན་ལ། མདོ་ཁམས་རྫ་ཆུ་ཁ་བའི་གཞིས་བྱེས་སེར་སྐྱ་མི་མང་ཡོངས་ཀྱི་ཚབ་ཞུས་ནས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང༌། སྐུ་ཁམས་རྡོ་རྗེའི་ཁམས་སུ་བརྟན་ཅིང་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་བཅས།