འཚམས་འདྲིའི་ཤིས་ཚིག

ནོ་སྦེལ་ཞི་བདེའི་གཟེངས་རྟགས་བདག་གིར་བཞེས་ནས་བགྲང་བྱ་ཉི་ཤུ་འཁོར་བའི་དུས་ཁྱད་པར་ཅན་དང་འབྲེལ། མགོན་པོ་གང་ཉིད་སྔར་བཞིན་ཇི་སྲིད་འགྲོ་རྣམས་རྫོགས་བྱང་མ་ཐོབ་བར་དེ་སྲིད་དུ་བརྩེ་ཆེན་ཐུགས་རྗེའི་འཛུམ་དཀར་འགྲོ་ལ་རབ་ཏུ་གཡོ་ཞིང། གསང་གསུམ་རྡོ་རྗེའི་ངོ་བོར་འཚོ་ཞིང་བཞེས་ནས་རླབས་ཆེན་ཐུགས་ཀྱི་དགོངས་བཞེད་མཐའ་དག་ཡོངས་སུ་འགྲུབ་པའི་སྨོན་གསོལ་ཁྲི་ཕྲག་ནས་ཁྲི་ཕྲག་དང། སྒོ་གསུམ་རབ་ཏུ་གུས་པས་ལྷ་ཕྱག་གྲངས་མེད་སྔོན་དུ་བཏང་སྟེ། ཞབས་སེན་གསེར་གྱི་འཁོར་ལོ་སྤྱི་བོར་བསྟེན་ནས་བླ་ན་མེད་པའི་བཀའ་དྲིན་རྗེས་དྲན་དང་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་བཅས། ཐེག་མཆོག་རྣམ་གྲོལ་གླིང་ནས་གུས་ལྷ་འབངས་སྡེ་དགེ་བསོད་ནམས་རྒྱལ་མཚན་པས།