གསལ་བསྒྲགས།

ལྷག་བསམ་ཡངས་པ་ཁམས་ཉག་རོང་རོང་ཆེན་ཚང་བླ་མ་སྐལ་བཟང་དབང་འདུས་ལགས་དང། བློ་བཟང་ཚེ་རིང་ལགས་ཐུན་མོང་ནས་འདས་མཆོད་ཉིན་གཅིག་གི་སྦྱིན་བདག་ཆ་ཚང་གནང་རྒྱུའི་ཞལ་བཞེས་གནང་སོང་བ་དང། ཉིན་གཅིག་གི་སྦྱིན་བདག་ཆ་ཚང་ལྷག་བསམ་ཡངས་པ་མཁན་པོ་ཀརྨ་ལགས་ཀྱིས་གནང་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་སོང་བས་སྐུ་ཡོན་བཞེས་ལག་གི་དོད་སོགས་ཞབས་ཏོག་བསྙེན་བཀུར་གང་ནུས་ཞུ་འཆར་ལགས་ན། རིས་མེད་གྲྭ་བཙུན་གང་མང་ཕེབས་རྒྱུའི་གསོལ་འདེབས་དང༌། བྱེ་བྲག་བླ་རུང་གི་སློབ་རྒྱུད་རྣམས་སྔ་ཙམ་ནས་ངེས་ཕེབས་ཡོང་བའི་གསལ་བསྒྲགས་སུ།།
འདས་མཆོད་གོ་སྒྲིག་ཚོགས་ཆུང་ནས།