ས་མིག་གསལ་བསྒྲགས།

དགོས་ངེས་ཆ་རྐྱེན།
Six month Diploma in Office work (MS word, Excel, Access)
ཤེས་ཚད།
BA/B.Com/B.Sc ཐོན་པའམ་ཡང་ན་དེ་དང་མཉམ་པའི་ཤེས་ཚད་ལག་འཁྱེར་དང། Six month Diploma in office work (MSWord, Excel, Access)ཡོད་དགོས་པ་ཡིན།
༡༽ ལོ་ཚད་ ༢༠༡༠ ཕྱི་ཟླ་ ༡ ཚེས་ ༣༡ བར་རང་ལོ་ ༢༡ ལས་མི་ཉུང་བ་ ༤༠ ལས་མ་བརྒལ་བ་དགོས་པ།
གཞན་ཆ་རྐྱེན།
༡༽ འབུལ་འབབ་གཙང་འབུལ་ཟིན་པའི་དཔྲ་ཁྲལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང་མཐའ་མའི་ངོ་བཤུས།
༢༽ གནས་ཡུལ་རྒྱལ་ཁབ་ཏུ་ཁྲིམས་མཐུན་གནས་སྡོད་ཆོག་པའི་ལག་འཁྱེར།
༣༽ བོད་གཞུང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་གང་རུང་ནས་ནད་གཅོང་དང་འགོས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་ངོས་སྦྱོར་ཁ་གསལ་སྟེང་རང་ཉིད་ཀྱི་འདྲ་དཔར་མཉམ་སྦྱར་ལ་དག་མཆན་ལས་དམ་འཁོད་པ།
༤༽ སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་དེ་མིན་ཁུངས་སྐྱེལ་ཆེད་འཛིན་རིམ་བཅུ་པའི་ལག་འཁྱེར་ངོ་བཤུས།
༥༽ རང་ཉིད་གཏན་སྡོད་བྱ་ཡུལ་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར།(Character Certificate)
༦༽ གལ་སྲིད་ད་ལྟ་སྤྱི་སྒེར་སྡེ་ཚན་གང་རུང་ནང་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་དགག་ཆ་མེད་པའི་ངོས་སྦྱོར་བཅས་ ༢༠༡༠ ཕྱི་ཟླ་ ༡ ཚེས་ ༣༡ འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་གང་རུང་ཐོག་སླད་འབྲེལ་བ་གནང་བདེའི་ཁ་བྱང་དང། ཁ་དཔར་ཨང་གྲངས། E-mail ཁ་བྱང་སོགས་གང་ཡོད་ཁ་གསལ་བཀོད་དེ་གཤམ་གསལ་སྣེ་ལེན་ཁང་གི་འགན་འཛིན་མཚན་བྱང་ཐོག་འབུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ནམ་གོང་འཁོད་ཡིག་ཆ་འབུལ་འབྱོར་བྱུང་རིགས་རང་བཞིན་གྱིས་རྩིས་མེད་གཏོང་རྒྱུ་ཡིན། འཚང་སྙན་དུས་ཐོག་འབྱོར་རིགས་རྣམས་ཞིབ་འཇུག་ཚོགས་ཆུང་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ཐོག་འབོད་བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་དང།
རྒྱུགས་གཞི།
བོད་ཡིག་དང་དབྱིན་ཡིག་འབྲི་རྒྱུགས་དང་ངག་རྒྱུགས་སྒྲིག་གསལ་ལྟར་ལེན་རྒྱུའི་ཐོག་    Computer སྐོར་འབྲི་རྒྱུགས་དང་ལག་ལེན་བསྟར་ཕྱོགས་ Practical རྒྱུགས་བཞེས་གོང་གསལ་སྡེ་ཚན་ ༢ སོ་སོར་གནང་རྒྱུ་ཡིན་པ་བཅས་ཀྱི་གསལ་བསྒྲགས་སུ། དབུས་སྣེ་ལེན་འབྲེལ་མཐུད་ལས་ཁང་ནས་ ༢༠༡༠ ཕྱི་ཟླ་ ༡ ཚེས་༤ ཉིན།

Director
Office of the Reception Centre
C T A
P.O Mcloed Ganj, Dharamsala
Distt Kangra, 176219 H P
Phone no: 01892-221307- 220077
Email: nelendhasa@gmail.com