རྩོམ་རིག་གཅེས་བཏུས།
བོད་ཀྱི་སྐད་ཡིག་འཇིག་རྟེན་སྤྱི་ཡོངས་ལ་གལ་གནད་ཆེ་སྐོར་དང། བོད་ཀྱི་སྐད་ཡིག་གི་འགྱུར་འགྲོས་སྐོར། རྩོམ་རིག་སྤྱི་དང་བྱེ་བྲག་བོད་ཀྱི་རྩོམ་རིག་སྐོར། བོད་ཀྱི་རྩོམ་རིག་ལོ་རྒྱུས་བཅས་དང། དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས་པའི་སྤྱིར་ཡི་གེ་ཟེར་བ་གང་འདྲ་ཞིག་ལ་ངོས་འཛིན་སྐོར་དང། བོད་ཡིག་གི་ལོ་རྒྱུས་དང་འཕེལ་རྒྱས་སྐོར། བོད་ཡིག་བཅོས་བསྒྱུར་བྱེད་དགོས་མིན་སྐོར། ཡུལ་སྐད་གཅིག་གྱུར་བྱེད་རྒྱུའི་འགྲོ་ལམ་བཅས་ཀྱི་སྐོར་འཁོད་ཡོད་པ་རེད། དོར་ཞི་གདོང་དྲུག་སྙེམས་བློས་བརྩམས་པའི་རྩོམ་རིག་གསར་པའི་གནད་དོན་འགའ་ཞིག་གླེང་བ་ཞེས་པ་དང། ཆབ་ཚང་འཇམ་དཔལ་གྱིས་བརྩམས་པའི་ཉེ་རབས་བོད་ཀྱི་རྩོམ་རིག་ལས་འཕྲོས་པའི་ཆེད་གཏམ་བཅས་འཁོད་ཡོད་པ་རེད།།