ཞབས་བརྟན་གསོལ་འདེབས།

ཟླ་འདིའི་ཚེས་༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་༧ ཐོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་ལས་ཁང་གི་གོ་སྒྲིག་འོག་༧གོང་ས་སྐྱབས་མགོན་མཆོག་གི་སྐུ་ཕྱྭའི་ཞབས་རིམ་དུ་བསང་གསོལ་བཏང་བ་དང། སྐབས་དེར་མོན་གྷོ་ས་གནས་ཚོགས་གཙོ་གུ་རུ་རྒྱལ་མཚན་ལགས་ཀྱིས་དབུས་ས་འཐུས་རྣམས་པ་དང་དེ་བཞིན་མོན་གྷོ་འདོད་རྒུ་གླིང་གི་གཞིས་གྲོང་ཁག་དགུའི་མི་མང་དང་བཙུན་དགོན་བྱང་ཆུབ་ཆོས་གླིང་བཅས་མཉམ་འཛོམས་ཐོག་བསང་གསོལ་དང་དར་ལྕོག་བསྒྲེངས་འཛུགས་སོགས་བྱས་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།