ལྷ་སར་གློག་ཀླད་དྲ་ཁང་ཁག་ཏུ་དམ་དྲག་ཆེ་རུ་གཏོང་འཆར།

འཕྲིན་གཏོང་ལས་ཁུངས་སོགས་ཀྱིས་མཉམ་འབྲེལ་ཐོག་གློག་ཀླད་དྲ་བ་ཁང་སོགས་དྲ་འབྲེལ་གཉེར་སྐྱོང་ཁང་ཁག་ལ་ཆེད་དུ་བཅོས་སྒྲིག་གི་བྱ་སྤྱོད་སྤེལ་ཡོད་འདུག བྱ་སྤྱོད་དེར་ཕན་འབྲས་དངོས་སུ་ཐོན་པའི་ཆེད་དུ་ཚོགས་ཆུང་བཙུགས་ནས་ཚོགས་ཆུང་དེས་ལྷ་ས་གྲོང་ཁྱེར་གྱི་དྲ་ཁང་ལས་རིགས་ཁག་ལ་ལག་བསྟར་བྱས་ན་ཆོག་པའི་བཅོས་སྒྲིག་འཆར་གཞི་བཟོས་ཐོག དུས་ཡུན་ཟླ་བ་གསུམ་ནང་ལྷ་ས་གྲོང་ཁྱེར་གྱི་དྲ་ཁང་སོགས་དྲ་འབྲེལ་ཐོག་ཞུགས་པའི་ཞབས་ཞུའི་ལས་གཉེར་ཁང་ལ་ཕྱོགས་ཡོངས་ནས་གཙང་བཤེར་ཐེངས་གཅིག་བྱ་རྒྱུ་ཡིན་ཚུལ་བོད་ལྗོངས་ཆ་འཕྲིན་དྲ་རྒྱས་གནས་ཚུལ་སྤེལ་འདུག །