བོད་གཞིས་བྱེས་ཡོངས་ལ་ལོ་གསར་པར་བྱ་བ་ལམ་འགྲོ་དང་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་གྲངས་མེད་ཞུ།

མཐུན་ལམ་ལྕགས་ཀྱི་གོང་བུ་མ་འཐོར་ཞིང་།།

དཔའ་བོ་སྟག་གི་ཞལ་ལྕེ་མ་ཡལ་བའི།།

གདུང་དྲུག་མེས་པོའི་ཤུལ་འཛིན་བོད་རིགས་ཚོ།།

བཀྲ་ཤིས་གནམ་ལོ་གསར་པར་འཚམས་འདྲི་ཞུ།།