གསུམ་བཅུའི་དུས་དྲན་ཉིན་གྱི་ཁྲོམ་སྐོར།

བོད་དོན་སྐད་འབོད་བྱས་ཏེ་གཙུག་ལག་ཁང་གི་མདུན་ཐང་ནས། དྷ་ཤོད་ཀ་ཅཱ་རི་བར་དུ་རྔམ་སྟོན་ཁྲོམ་སྐོར་བྱས་པ་དང། དེར་སྐད་འབོད་དང་བོད་ཀྱི་རྒྱལ་གླུ་སོགས་གྲུབ་རྗེས། དབུས་བུད་མེད་ཚོགས་པའི་ཚོགས་གཙོ་སྒྲོལ་དཀར་ལྷ་མོ་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སོང་ལ།  དེ་རྗེས་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ལྔའི་གོ་སྒྲིག་འོག སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྒྱ་ནག་གི་བཙོན་ཁང་ནས་གློད་གྲོལ་ཡོང་ཆེད་དུ། མི་མང་གི་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བ་སོགས་བྱས་ཡོད་པ་རེད།།{jcomments on}