༸གོང་ས་མཆོག་ཆིབས་བསྒྱུར།

ཟླ་འདིའི་ཚེས་༡༦ ཉིན་༸གོང་ས་མཆོག་བཞུགས་སྒར་ནས་ཕེབས་ཐོན་གྱིས་རྒྱ་གར་གྱི་མ་དྷར་པར་དྷེ་ཤི་མངའ་སྡེའི་ལྟེ་གནས་བྷོ་པལ་དུ་ཆིབས་བསྒྱུར་གྱིས་མངའ་སྡེའི་གྲོས་ཚོགས་ནང་འགྲོ་བ་མིའི་ཐོབ་ཐང་དང། འཇིག་རྟེན་ཀུན་ལ་འཁྲི་བའི་ལས་འགན་གྱི་སྐོར་བཀའ་སློབ་གནང་རྒྱུའི་མཛད་འཆར་ཡོད་པ་རེད། དེར་མངའ་སྡེའི་སྲིད་བློན་སོགས་མི་སྣ་གལ་ཆེན་མང་པོ་ཕེབས་རྒྱུ་ཡིན་པ་མ་ཟད། མཛད་འཆར་དེ་གོ་སྒྲིག་བྱེད་མཁན་མངའ་སྡེའི་དེའི་འགྲོ་བ་མིའི་ཐོབ་ཐང་གི་ལས་ཁུངས་གཙོ་བོ་དེ་ཡིན་པ་རེད། དེ་རྗེས་ལྡི་ལིར་ཉིན་བཞིའི་རིང་གི་མཛད་འཆར་ཡོད་པ་རེད།།