ས་ཡ་ཆིག་སྟོང་བརྒྱ་མེད་དྲུག་ཅུ་རེ་བདུན་ལྷག་གི་སྔོན་རྩིས།
ཡོང་གཏན་མ་འཁེལ་བ་དང་ཕྱོགས་བསྡོམས་འགྲོ་གྲོན་ཁོངས་སུ་མ་ཚུད་པ་ ༡༤༣༠༢༠༡༠༠ བཅས་བསྡོམས་རྩིས་ལོ་༢༠༡༠།༢༠༡༡ ལོའི་སྔོན་རྩིས་༡༠༦༧༨༡༧༡༠༠ (ས་ཡ་གཅིག་སྟོང་བརྒྱ་མེད་དྲུག་ཅུ་རེ་བདུན་དང་བརྒྱད་འབུམ་ཆིག་ཁྲི་བདུན་སྟོང་གཅིག་བརྒྱ)བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་རེད། དེ་ཡང་ཟླ་འདིའི་ཕྱི་ཚེས་༡༧ ཉིན་གྱི་དགོང་མོ་བཙན་བྱོལ་བོད་གཞུང་གི་ངེས་ཅན་འགྲོ་གྲོན། སྐུ་སྒེར་ཡིག་ཚང་དང། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་པ་ཆེ་བ་དང། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་འགྲོ་གྲོན་བསྡོམས་ཧིན་སྒོར་༢༧༩༥༠༠༠ དང། ཁྲིམས་བཟོ་ལྷན་ཚོགས་དང། ཆེས་མཐོའི་ཁྲིམས་ཞིབ་ཁང་དང་ཡན་ལག་གཉིས་བཅས་ཀྱི་འགྲོ་གྲོན་བསྡོམས་༢༠༨༩༩༠༠༠ ཆབ་སྲིད་དང་འབྲེལ་བའི་ལས་ཁུངས་ཁག་གི་འགྲོ་གྲོན་ཧིན་སྒོར་༢༦༦༦༥༠༠༠༠ འཛིན་སྐྱོང་དང་འབྲེལ་བའི་ལས་ཁུངས་ཁག་གི་འགྲོ་གྲོན་༡༠༣༡༨༠༠༠༠ སྤྱི་ཚོགས་དང་འབྲེལ་བའི་ལས་ཁུངས་ཁག་གི་འགྲོ་གྲོན་༥༣༡༢༧༣༠༠༠ བཅས་བསྡོམས་ཧིན་སྒོར་༩༢༤༧༩༧༠༠༠ ཡིན་པ་རེད། དེ་བཞིན་རོགས་དངུལ་ཡོང་གཏན་མ་ཁེལ་བ་༡༡༢༣༩༢༠༠༠ དང་། ཕྱོགས་བསྡོམས་མ་དངུལ་ཁོངས་སུ་མ་ཚུད་པ་ལྷོ་སྤྱི་ལས་ཁུངས་དང་ས་འཐུས་མེད་པའི་ས་གནས་ཁག་དྲུག་གི་སྔོན་རྩིས་བཀའ་འཁྲོལ་༢༧༤༨༢༠༠༠ དང་འཕྲོད་བསྟེན་ལས་ཁུངས་ཀྱི་ཁྱབ་ཁོངས་སྨན་ཁང་ཁག་གི་སྔོན་རྩིས་བཀའ་འཁྲོལ་༣༡༤༦༡༠༠ བཅས་ཆ་ཚང་བསྡོམས་༡༠༦༧༨༡༧༡༠༠ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་གཞུང་གི་རྩིས་ལོ་༢༠༡༠།༢༠༡༡ ལོའི་སྔོན་རྩིས་དེ་ཉིད་བཀའ་འཁྲོལ་གཏན་འབེབས་གནང་ཡོད་པ་དང། གོང་གསལ་དངུལ་འབོར་ཡོངས་རྫོགས་ཀྱི་དཔལ་འབྱོར་དབང་ཚད་ཁྱབ་བསྒྱུར་བྱ་རྒྱུ་དང། སྒྲིག་གཞི་ལྟར་གཤམ་འོག་སྲི་ཞུ་བ་རྣམས་ལ་དགོས་ངེས་ཀྱི་དཔལ་འབྱོར་དབང་ཚད་དང། རྩིས་ཀྱི་འགན་ཁུར་སྤྲད་དེ་གཏོང་ལེན་འགན་འཛིན་དུ་འཛིན་སྐྱོང་བཀོད་ཁྱབ་བརྒྱུད་བསྐོ་གཞན་བྱ་རྒྱུ་དང། དགོས་ངེས་དང། ཐུབ་ངེས་ཀྱི་བསྲི་ཚགས་དང། དུས་ནས་དུས་སུ་ལས་དོན་གྲུབ་འབྲས་དང། རྩིས་ཀྱི་ཡིག་ཆ་ཁག་བསྐྱར་ཞིབ་དཔལ་འབྱོར་ལས་ཁུངས་ནས་བྱ་རྒྱུ་དང། རྩིས་ལོ་མཇུག་བསྡོམས་རྗེས་རྩིས་ཞིབ་དུས་ཐོག་བྱས་ཏེ་ལས་ཁུངས་དང། སྡེ་ཚན་ཡོངས་རྫོགས་ཀྱི་འགྲིག་མཆན་འཁོད་པའི་རྩིས་ཁྲ་དང། རྩིས་ཞིབ་སྙན་ཤོག་ཕྱི་ལོ་༢༠༡༡ ཟླ་༡༢ ཚེས་༣༡ གོང་སྤྱི་འཐུས་ལྷན་ཚོགས་སུ་འབུལ་ཟིན་པ་དགོས་ཞེས་གཏོང་ལེན་ཁྲིམས་ཡིག་གི་ངོ་བོར་གཏན་འབེབས་གནང་ཡོད་པ་རེད།།