སྨན་རྩིས་ཁང་གི་འགན་འཛིན་གསར་འདེམས།

འགན་འཛིན་གྱི་ཆ་རྐྱེན་ནི། བོད་གཞུང་སྨན་རྩིས་ཁང་དེབ་སྐྱེལ་བྱས་པའི་སྒྲིག་གཞིའི་ནང་གསལ་ལྟར། སྨན་རམས་པ་ཆུང་བ་དང་རྩིས་རམས་པ་ཆུང་བ་ཡན་གྱི་མི་གང་ཡང་རུང་བ་ཞིག་ལ། ཞབས་ལོ་ལོ་འཁོར་༡༥ ཡན་ཞུས་ཟིན་པ་དང་རང་ལོ་༣༥ ལས་བརྒལ་བ་ཞིག་དགོས་ཀྱི་ཡོད་འདུག སྨན་པ་རྟ་མགྲིན་ལགས་ལ་ཆ་རྐྱེན་ཡོངས་སུ་ཚང་ཡོད་པར་བརྟེན། ཕྱི་ཟླ་༤ པའི་ཚེས་༡ ཉིན་ནས་འགན་འཛིན་གསར་པས་དངོས་སུ་ལས་འགོ་འཛུགས་རྒྱུ་ཡིན་འདུག །