གསལ་བསྒྲགས།

གསོ་བ་རིག་པའི་སྨན་པའི་ལྷན་ཚོགས་ཀྱི་ཁྲིམས་ཡིག་དོན་ཚན་དགུ་པའི་ནང་གསེས་(ཁ)པའི་དགོངས་དོན་འོག་བོད་ཀྱི་གསོ་བ་རིག་པའི་སྨན་རྒྱུའི་སྤུས་ཚད་དང། སྨན་རྫས་སྦྱོར་སྡེབ་ཚད་ལྡན། དེ་བཞིན་སྨན་གྱི་ཕན་ནུས་གཞུང་གསལ་ལྟར་དགོས་གནད་དང་ལྷག་པར་དེང་སྤྱི་ཚོགས་ནང་བོད་སྨན་སྦྱོར་བཟོ་དང་ཚོང་འགྲེམས་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དེ་རྣམས་བཟོ་བསྐྲུན་དང། ཚོང་འགྲེམས། ཁྱབ་བསྒྲགས། ཚུལ་མཐུན་བེད་སྤྱོད་བཅས་ལ་གཞུང་འབྲེལ་སྟངས་འཛིན་ངེས་པར་དགོས་གལ་ལ་བརྟེན་འདི་ནས་《བོད་ཀྱི་གསོ་བ་རིག་པའི་སྨན་དང་སྨན་སྦྱོར་ཚད་ལྡན་གྱི་རྩ་འཛིན་སྒྲིག་གཞི་》གཏན་འབེབས་ཀྱིས་ཕྱི་ཟླ་༣ ཚེས་༡༥ ཉིན་དབུ་འབྱེད་གནང་བ་ནས་ལག་བསྟར་འགོ་འཛུགས་གནང་ཡོད་པས། འབྲེལ་ཡོད་བོད་ཀྱི་གསོ་བ་རིག་པའི་སྨན་སྦྱོར་ཕྱག་ལེན་གནང་མཁན་སྨན་སྦྱོར་ཁང་ངམ་སྨན་སྦྱོར་སྡེ་ཚན་ཁག་ནས་ཆེས་མཐོའི་སྨན་པའི་ལྷན་ཚོགས་སུ་འབྲེལ་གཏུགས་ཀྱིས་ཁྲིམས་སྒྲིག་འདི་འོག་ངེས་པར་དུ་དེབ་སྐྱེལ་གནང་དགོས་པའི་གསལ་བསྒྲགས་སུ།

སྨན་པའི་ལྷན་ཚོགས་ཡིག་ཚང་ནས་ཕྱི་ལོ་༢༠༡༠ ཟླ་༣ ཚེས་༢༥ ལ།།
སྨན་པའི་ལྷན་ཚོགས་ཡིག་ཚང་ནས་ཕྱི་ལོ་༢༠༡༠ ཟླ་༣ ཚེས་༢༥ ལ།།