༧གོང་ས་མཆོག་རྒྱ་གར་ཨུ་ཏར་ཀན་མངའ་སྡེར་ཆིབས་བསྒྱུར།

ཚོགས་པ་དེའི་གོ་སྒྲོག་འོག་འཛམ་གླིང་ནང་ཞི་བདེ་ཡོང་བའི་སྨོན་ལམ་གྱི་ལས་འགུལ་ནང་དུ་ལྷན་ཞུགས་མཛད་རྒྱུ་དང༌། དེ་ནས་༧གོང་ས་མཆོག་ཧིན་རྡུའི་གནས་ཆེན་ལ་ཆིབས་སྒྱུར་དང། དེར་ཆོས་ལུགས་རིས་མེད་ཀྱི་བླ་མ་དང་མཁས་དབང་ཁག་འདུ་འཛོམས་ཀྱིས་འཛམ་གླིང་ནང་ཞི་བདེ་ཡོང་བའི་ཐུགས་སྨོན་མཛད་རྒྱུའི་ཁྲོད་དུ་༧གོང་ས་མཆོག་ལྷན་ཞུགས་མཛད་རྒྱུ་དང་འབྲེལ། ཆུ་བོ་གངྒཱའི་གཡས་གཡོན་གྱི་ཁོར་ཡུག་གཙང་བཟོའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་དེར་ཡང་ལྷན་ཞུགས་གནང་རྒྱུ་ཡིན་པ་རེད།
ཕྱི་ཚེས་༤ ཉིན་རྒྱབ་མཁའ་ལམ་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག དེ་བཞིན་ྋགོང་ས་མཆོག་ལྡི་ལི་ནས་མཁའ་ལམ་བརྒྱུད་སོལ་ཝི་ནི་ཡ་མ་རི་བོར་ཆིབས་སྒྱུར་བསྐྱང་རྒྱུ་དང། ཁུལ་དེར་ཕྱི་ཚེས་༦ ཉིན་གཙོ་བོ་མང་ཚོགས་ལ་སྟོང་ལོ་གསར་པའི་ཀུན་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་རྒྱུ་ཡིན་འདུག །