མོན་གྷོ་ས་གནས་དྭང་ཟུར་ཚོགས་པ།

དེ་བཞིན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་གཙོ་འཛིན་རྣམ་པ་དྭང་ཟུར་ཚོགས་པའི་རྒྱུན་ལས་གསར་རྙིང་དང་ཚོགས་མི་ལས་བྱེད་ལྷན་རྒྱས་མཉམ་ཕེབས་གནང་ཡོད་རེད། སྐབས་བཞི་བའི་རྒྱུན་ལས་གསར་བར་མཇལ་དར་སྒྲོན་འབུལ་དང་སྐབས་དེའི་ཚོགས་གཙོ་ཚོགས་གཞོན་དང་དྲུང་ཆེ་བཅས་ནས་རང་གི་ལས་འགན་གཙང་སྒྲུབ་བྱེད་རྒྱུའི་དམ་བཅའ་འབུལ་བཞེས་དང་དྭང་ཟུར་ཚོགས་གཙོ་ཕུར་བུ་ཚེ་རིང་ལགས་ནས་གཏམ་བཤད་དང་འབྲེལ་ཚོགས་པའི་སྒྲིག་གཞི་དང་གནས་སྟངས། དེ་བཞིན་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་གསལ་བཤད་གནང་བ་དང་། དེ་བཞིན་ལས་དྲུང་ཉི་མ་དང་རྩིས་ཞིབ་ཚོགས་ཆུང་གི་ཀརྨ་ཕུན་ཚོགས་ལགས་གཉིས་ཀྱིས་༢༠༠༧ ནས་༢༠༠༩ བར་ཀྱི་རྩིས་ཁྲ་རྩིས་ཞིབ་དང་བཅས་པ་སྙན་སྒྲོན་དང་འགྲེལ་བརྗོད་གནང་བ་སོགས་ཀྱི་ལས་རིམ་གྲུབ་རྗེས་ཕྱི་ལོ་༢༠༠༧ ལོར་ལྡི་ལིར་བོད་བསྟན་སྲིད་དང་རང་དབང་གི་ཆེད་དུ་ཟས་བཅད་ངོ་རྒོལ་གནང་མཁན་རྣམས་ལ་དྭང་ཟུར་ཚོགས་པ་ནས་ཐུགས་རྗེ་ལེགས་འབུལ་མཚོན་ཆེད་དུ་མཇལ་དར་དང་ཧིན་སྒོར་༥༥༠ རེ་བཅས་ཕུལ་ཡོད་པ་རེད། དེ་བཞིན་དྭང་ཟུར་རྒྱུན་ལས་ཟུར་བ་རྣམས་ལ་ཕྱག་འཁྱེར་གནང་རྗེས་དྭང་ཟུར་དྲུང་ཆེ་མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་བཅས་ཉིན་འདིའི་མཛད་སྒོ་མཇུག་གྲོལ་ཡོད་པ་རེད། །                                                                                  མོན་གྷོ་གསར་འགོད་པས།