དྲ་རྒྱ་འདིར་ཞུགས་པའི་གྲོགས་པོ་རྣམ་པ།
གསལ་བཤད་ཞུ་རྒྱུ་ཞིག་ལ། ཟིན་བྲིན་དུ་ཐོ་འགོད་ཟིན་པ་མང་པོ་ཞིག་གིས་ནང་འཛུལ་བྱེད་ཐུབ་ཀྱི་མི་འདུག་གསུང་གི་འདུག ཐོ་འགོད་དང་པོ་གྲུབ་རྗེས་བསྐྱར་དུ་ཐོ་འགོད་བྱེད་ཐུབ་ཀྱི་མེད་པ་རེད། གང་ཡིན་ཟེར་ན། ཁྱེད་རང་གི་གློག་འཕྲིན་ཁ་བྱང་དང་ཐོ་འགོད་ཡིག་ཆ་དེ་དག་ང་ཚོའི་དྲ་གནས་གསོག་མཛོད་ནང་དུ་སྡད་ཀྱི་ཡོད་པ་རེད།
དཔེར་ན། ཐོ་འགོད་ཟིན་པའི་དྲ་གྲོགས་ནགས་ཕྲན་པ་བསོད་ནམས་ཚེ་རིང༌ལགས་ཀྱི་ཟིན་བྲིས་དང་། གློག་འཕྲིན་ཁ་བྱང༌སོགས་ཚང་མ་དྲ་གནས་གསོག་མཛོད་དུ་འདུག་ཀྱང༌། ཁོང་གི་ནང་མཛུལ་བྱེད་ཐུབ་ཀྱི་མི་འདུག་གསུང་གི་འདུག་ ཕར་ཆེར་ཁོང་གིས་གསང་ཨང་དེ་བརྗེད་པ་འདྲ།
གློག་འཕྲིན་ཁ་བྱང་དངོས་དེ་བཀོད་ན་རྗེས་སུ་དྲ་གྲོགས་རྣམ་ཀྱི་ལན་རྣམས་ཁྱེད་ཀྱི་གློག་འཕྲིན་དུ་འབྱོར་བའི་དགོས་པ་ཡོད་པ་རེད།
ཐོ་འགོད་ཟིན་རྗེས་སྤྱོད་མཁན་གྱི་མིང་དང་གསང་ཨང་གཅིག་པུ་སྤྱོད་དགོས་པ་རེད། གསང་ཨང་ངམ་གསང་ཚིགས་བརྗེད་སོང་ན། དྲ་རྒྱའི་རྩོམ་སྒྲིག་པ་དང་སྤྱི་ཁྱབ་རྩོམ་སྒྲིག་པར་འབྲེལ་བ་གནང་དགོས། ཁྱེད་ཀྱི་ཟིན་བྲིས་རྙིང་པ་གསུབ་པ་དང་། གསར་བཟོ། གསང་ཨང་བརྗེ་བ་སོགས་ཁྱེད་ཀྱི་ཐུགས་འདུན་དང་བསྟུན་ནས་ཞབས་ཞུ་བྱེད་ངེས་ཡིན། ཟིན་བྲིས་སུ་འབྲི་མ་ཐུབ་ན་གློག་འཕྲིན་ཁ་བྱང་འདིར་འབྲེལ་བ་གནང་ཆོག