༧གོང་ས་མཆོག་གི་གསུང་འཕྲིན།

འདས་གྲོངས་སུ་གྱུར་པའི་སྲིད་འཛིན་དམ་པ་ཁོང་ནི། རང་དབང་དང་མང་གཙོ། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་བཅས་ལ་ཐུགས་ཁུར་ཆེན་པོ་གནང་མཁན་ཞིག་ཡིན་པ་དང། ཡུལ་དེར་༧གོང་ས་མཆོག་ཆིབས་སྒྱུར་སྐབས། སྲིད་འཛིན་དམ་པ་ཁོང་དང་མཇལ་འཕྲད་བྱུང་བ་རྣམས་ཐུགས་ལ་དྲན་གསོ་མཛད་ཡོད་པའི་སྐོར་བཅས་འཁོད་ཡོད་པ་རེད།