སུད་སི་མི་མང་འདུ་འཛོམས།

དེ་བཞིན་སུད་སི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ལས་གྲུབ་པའི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་གཅིག་ལྕོགས་མཱ་རི་ཡའོ་ཕེལ་མཆོག་གིས་གཙོས་མང་ཚོགས་༨༠༠༠ བརྒལ་བ་འདུ་འཛོམས་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སུད་སི་གཞུང་མང་ལ་བཀའ་དྲིན་ཆེ་ཞུ་དང། བོད་མིའི་གནས་བབས་ངོ་སྤྲོད་གནང་ཡོད་པ་རེད། དེ་བཞིན་སུད་སིའི་དཔོན་རིགས་ཚོས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་ཡིན་སྐོར་གྱི་གསུང་བཤད་གནང་ཡོད་པ་རེད།།