སྐྱེ་དགུ་ཁུལ་དུ་ས་ཡོམ་གྱི་གནོད་སྐྱོན་ཛ་དྲག་ཏུ་འགྲོ་བཞིན་པ།
སྐྱེ་དགུ་མདོའི་ཉེ་འགྲམ་དུ་གློག་གི་ཆུ་མཛོད་ཆེན་པོ་ཞིག་ཡོད་པ་དེ་ཁ་ཤོར་ཉེར་ཡོད་པས་དེ་ཤོར་གྲོང་ཁྱེར་ཡོངས་རྫོགས་ཆུ་གཏོར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པས་མི་མང་སྲོག་མགོ་ཐོན་ཡོད་པ་རྣམས་ས་གནས་སུ་སྡོད་མ་ཕོད་པར་རི་མགོར་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་དང། སྐྱེ་དགུ་མདོའི་ཉེ་འགྲམ་དུ་གནམ་ཐང་ཞིག་ཡོད་པ་དེ་རུ་རྒྱ་གཞུང་གི་མྱུར་སྐྱོབས་རུ་ཁག་འབྱོར་བཞིན་ཡོད་ཚུལ་དང། ཁག་ཅིག་གིས་འགྲེལ་བཤད་བྱས་པ་ལྟར་ན་གནམ་ཐང་དུ་ས་ཡོམ་གྱིས་གས་སྐྱོན་ཆེན་པོ་བྱུང་བས་གནམ་གྲུ་འབབ་མི་ཐུབ་ཚུལ་བརྗོད་མཁན་ཡང་འདུག གང་ལྟར་ས་ཡོམ་གྱི་རྐྱེན་པས་བོད་རིགས་མང་པོ་ཞིག་གི་ཚེ་སྲོག་ཤོར་བ་མ་ཟད། འཚོ་རྟེན་དང་བྲལ་ཡོད་ཀྱང་རྒྱ་གཞུང་གིས་དྲིལ་བསྒྲགས་དང་རོགས་རམ་༢༠༠༨ ལོའི་ཁྲི་ཚང་གི་ས་ཡོམ་སྐབས་ལྟ་བུ་བྱེད་མིན་གྱི་ཐོག་ནས་མི་རིགས་དབྱེ་འབྱེད་དང། བོད་མི་རིགས་ལ་འཛིན་པའི་སྲིད་བྱུས་ཀྱང་གནད་དོན་འདི་ལྟ་བུའི་སྐབས་སུ་ར་སྤྲོད་བྱས་ཡོང་ངེས་རེད།།