བཀའ་ཤག་གི་སེམས་གསོའི་སྨོན་ལམ།
བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ས་ཡོམ་གྱི་གོད་ཆག་དེའི་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་སྙིང་ཐག་པ་ནས་སེམས་གསོ་ཞུ་རྒྱུ་དང༌། གོད་ཆག་ཕོག་པའི་མི་མང་ཚོར་དུས་ཐོག་རོགས་རམ་གྱི་མཐུན་འགྱུར་ཐོབ་རྒྱུར་སྨོན་ལམ་ཞུ་བཞིན་པ་མ་ཟད། རང་བྱུང་གི་གོད་ཆག་ཕོག་པ་དེར་སྙིང་སྟོབས་དང་ཞུམ་པ་མེད་པའི་ཐོག་ནས་གདོང་ལེན་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་”ཅེས་འཁོད་འདུག