༧གོང་ས་མཆོག་གི་གསུང་འཕྲིན།
༧གོང་ས་མཆོག་གིས་གསུང་དོན། ད་ནངས་ཞོགས་པ་གསར་འགྱུར་གོ་བ་ལ་སྐྱེ་རྒུ་མདོར་ས་ཡོམ་ཤུགས་ཆེན་པོ་བརྒྱབ་འདུག ཞོགས་པ་གསར་འགྱུར་ནང་མི་༦༢ ཤི་བ་རེད་ཟེར། ད་སྐབས་མི་བརྒྱ་ཕྲག་ཁ་ཤས། སྟོང་ཕྲག་གཉིས་གསུམ་ཤི་བ་རེད་ཟེར། ཞིབ་ཕྲ་ཤེས་མ་སོང། ས་ཡོམ་ཤུགས་ཆེན་པོ་རེད་འདུག སྨོན་ལམ་རྒྱག་རྒྱུ་མ་གཏོགས་བྱེད་རྒྱུ་གང་ཡང་ཡོད་པ་མ་རེད། སྙིང་རྗེ། ང་རང་ཚོ་བོད་པའི་ས་ཁུལ་རེད། ཆོས་དོན་ལ་བཀའ་མོལ་ཞུས་ནས། གཙུག་ལག་ཁང་དུ་སྨོན་ལམ་ཞིག་འཚོག་ཐུབ་ན། ང་རང་ཚོ་སངས་རྒྱས་པའི་ཆོས་པ་རེད། བདེ་སྡུག་ག་རེ་བྱུང་ནའང། གཙོ་བོ་ལས་ཀྱི་འབྲས་བུ་སྨིན་པ་ཤ་སྟག་རེད། ས་ཡོམ་གྱི་འོག་ནས་རྐྱེན་འདས་ཕྱིན་པ་དང། ནད་གཅོང་ཆགས་པ་དེ་ཚོ་སྔོན་བསག་གི་ལས་ངན་པའི་འབྲུས་བུ་སྨིན་པ་རེད། སྡུག་བསྔལ་མྱངས་པ་དེས་སོ་སོས་ཚེ་རབས་མང་པོར་གཞན་ལ་གནོད་པའི་བྱ་བ་དང་འབྲེལ་བའི་སྡུག་པ་བསག་བཞག་པ་དེ་ཚོ་འདག་པར་ཤོག་ཅེས་སྨོན་ལམ་བརྒྱབ་ན་ཕན་གྱི་རེད། སོ་སོའི་སེམས་ལའང་སྡུག་བསྔལ་རྔམ་སྐྲག་ཆུང་དུ་འགྲོ་བ། དེས་བསོད་ནམས་གསར་པ་གསོག་རྒྱུར་ཕན་ཐོགས་ཡོང་གི་རེད། ཁྱེད་རང་ཚོས་ཕར་ལན་སྐྱེལ་ས་རག་ན། སྡུག་བསྔལ་བྱུང་ཚར་བ་རེད། རྐྱེན་ངན་འཕྲད་ཚར་བ་རེད། སེམས་པ་མ་སྐྱིད་པ་བྱས་ནས་སྡོད་པ་ལས། ག་ཚོད་ཐུབ་ཐུབ་དགེ་བསག་ཐུབ་ན། བློ་སྦྱོང་གི་ཉམས་ལེན་བྱེད་ཐུབ་ན་ཕན་གྱི་རེད། རྐྱེན་ངན་བྱང་ཆུབ་ལམ་དུ་བསྒྱུར་ཐུབ་པ་བྱུང་ན། ཡག་པོ་ཞེ་དྲག་རེད་ཅེས་གསུངས་ཡོད་པ་རེད།།