རྒྱ་གཞུང་གིས་རོགས་པ་བྱེད་ཀྱི་མི་འདུག་ཟེར།

དེ་བཞིན་རྒྱ་ནག་གཞུང་གིས་མི་མང་གོད་ཆག་བྱུང་བ་རྣམས་ལ་ལག་པ་མ་འཆང་བའི་སྔོན་དུ་ཉི་ཧོང་ནས་རོགས་རམ་བྱེད་མཁན་གྱི་གནམ་གྲུ་སླེབས་ཡོད་པ་དང། ད་དུང་ཨ་རི་སོགས་ནས་རོགས་རམ་གནམ་གྲུ་ཡོང་ནས། ཟླ་འདིའི་ཚེས་༡༥ སྔ་དྲོར་ཕྱི་རྒྱལ་གྱི་གནམ་གྲུ་༦ ཙམ་འབྱོར་ཡོད་འདུག

ཡུལ་མི་ཚོས་བརྗོད་ན་ཡུལ་དེར་ཡོད་པའི་རྒྱ་ནག་གི་དཔོན་རིགས་གཅིག་ཀྱང་ཤི་མེད་པས། སྔོན་ཚུད་ནས་ས་ཡོམ་རྒྱག་རྒྱུ་ཡིན་པའི་བརྡ་ཐོ་འབྱོར་ཡོད་རུང་བོད་མི་རྣམས་ལ་གསང་བ་བྱས་ཏེ་བརྗོད་མེད་པ་དང། དེ་བཞིན་དུས་ཐོག་མི་མང་ལ་རོགས་པ་མ་བྱས་པས་ས་འོག་ནས་ཕུང་པོ་ཡོད་ཚད། བོད་ཀྱི་ས་གནས་གང་ས་ནས་དགོན་སྡེ་ཁག་གི་གྲྭ་པ་རོགས་རམ་བྱེད་དུ་འབྱོར་བ་དང། མྱུར་སྐྱོབ་བྱས་ཡོད་རུང། རྒྱ་ནག་གི་གསར་ལམ་ཁག་ནས་དམག་མི་བསྟན་པ་ལས་གྲྭ་པ་གཅིག་ཀྱང་བསྟན་མེད་པ་དང། དེ་བཞིན་རྒྱ་ནག་གཞུང་གིས་རོགས་རམ་སྐྱོབ་གསོ་ག་ཚོད་སྤྲོད་ཀྱི་ཡོད་པ་ཁྱབ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་ནའང། གནོན་སྐྱོན་erthquake2ཐེབས་པའི་སྐོར་དེ་ཙམ་ཁྱབ་བསྒྲགས་བྱེད་ཀྱི་མེད་པ་རེད།

ཁང་པ་འཐོར་ཞིག་སོང་བ་དེ་དག་ཀྱང་རྒྱ་ནག་གི་ལག་བསྟར་བྱེད་བཞིན་པའི་འབྲོག་པ་གྲོང་ཁྱེར་ནང་བསྒྱུར་ཆེད་དུ་བརྒྱབ་པའི་ཁང་པ་རྣམས་ཡིན་འདུག ད་ལྟའི་ཆར་རྒྱ་གཞུང་གིས་བོད་མི་རྣམས་ལ་རོགས་རམ་གྱི་མིང་འོག་ནས་བརྒྱབ་པའི་ཁང་པ་ཡོངས་རྫོགས་འཐོར་ཞིག་སོང་ཡོད་འདུག གོད་ཆག་ཕོག་ས་མང་ཆེ་བ་མི་མང་གི་ཁང་པ་ཡིན་པ་ལས། རྒྱ་ནག་གཞུང་གི་ཁང་པ་དང། ལས་བྱེད་ལ་གནོད་སྐྱོན་དེ་ཙམ་ཐེབས་མེད་པ་རེད།

ཚེས་༡༤ ཛ་དྲག་སྐབས། རྒྱ་ནག་གཞུང་གི་དམག་མི་ཡོངས་རྫོགས་རི་འགོར་བྲོས་ཏེ། མང་ཚོགས་མྱུར་སྐྱོབ་བྱེད་ཐབས་བྱས་མེད་ནའང། རྒྱ་ནག་གི་བརྒྱུད་ལམ་ཁག་ཏུ་དམག་མི་གང་མང་མྱུར་སྐྱོབ་ཆེད་བཏང་ཡོད་སྐོར་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་འདུག

ད་དུང་དམངས་ཁྲོད་དུ་ཡུལ་དེར་ཡོད་པའི་གནས་རི་ཞིག་ལ་རྒྱ་ནག་གི་གཏེར་ཁ་སྔོག་འདོན་བྱས་པའི་རྐྱེན་གྱིས་ས་ཡོམ་བརྒྱབ་ཡོད་ཚུལ་དང།  ཡང་འགའ་རེས་རྨ་ཆུ་དང་འབྲི་ཆུ་སོགས་སུ་འབག་བཙོག་བྱས་པའི་རྐྱེན་གྱིས་ཡིན་ཚུལ་ཡང་བརྗོད་བཞིན་ཡོད་པ་རེད།