མང་ཚོགས་ཀྱི་བདེ་དོན་ཆེད་འབྱོར་ཐུབ་པའི་རེ་བ།
ཟླ་འདིའི་ཚེས་༡༧ ཉིན་ཀིརྟིའི་དགེ་རྩ་ཚོགས་པ་དེ་དང་གྲྭ་ཚང་གི་ངོས་ནས་ཐུགས་གསོའི་ཞལ་འདེབས་ཕུལ་བའི་གནས་འཕྲིན་ཞིག་བཏང་ཡོད་པའི་ནང་ད་ལམ་དགའ་སྐྱེ་དགུ་མདོར་བོད་རིགས་གནས་སའི་ས་ཁུལ་དུ་འབྱུང་བའི་གནོད་ཚེ་ཚབས་ཆེན་ཕོག་པའི་ས་གནས་དེའི་འདས་གསོན་ཡོངས་ལ་འདི་ཕྱིར་དགེ་བའི་བསྔོ་སྨོན་ཟབ་ནན་ཞུ་བ་དང། བོད་མིའི་སྐྱིད་སྡུག་མཉམ་མྱོང་གིས་ཐུགས་གསོ་དང་རོགས་སྐྱོར་ལས་འགུལ་མཚོན་བྱེད་དུ་བཙན་བྱོལ་བོད་གཞུང་གི་ནང་སྲིད་ལས་ཁུངས་བརྒྱུད་ཞལ་འདེབས་འབུལ་ལམ་ཞུས་པ་ལགས་ན། ས་གནས་མང་ཚོགས་ཀྱི་བདེ་དོན་ཆེད་འབྱོར་ཐུབ་པའི་རོགས་སྐྱབས་འཇུག་ཞེས་འཁོད་ཡོད་པ་རེད།།