ས་ཡོམ་གྱི་ཆག་སྒོ་བྱུང་བར་བསྔོ་སྨོན།
བོད་རང་དབང་སློབ་ཕྲུག་ཚོགས་པ། དགུ་བཅུ་གསུམ་ཚོགས་པ། མང་གཙོ་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། གྲྭ་བཙུན་དང་མི་མང་སྟོང་ཕྲག་བརྒལ་བས་བསྔོ་སྨོན་གསུང་ཡོད་པ་དང། ཟླ་འདིའི་ཚེས་༡༩ མདོ་སྨད་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་མདོ་སྨད་ས་གནས་རྒྱུན་ལས་གཉིས་ཀྱི་གོ་སྒྲིག་འོག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀིརྟིརིན་པོ་ཆེ་དབུ་བཞུགས་ཐོག གྲྭ་བཙུན་དང་མི་མང་སྟོང་ཕྲག་བརྒལ་བས་བསྔོ་བ་སྨོན་ལམ་གསུངས་ཡོད་པ་རེད།