མི་༢༠༣༩ ཙམ་གྱི་ཚེ་སྲོག་ཤོར་འདུག

ཟླ་འདིའི་ཚེས་༢༠ ཉིན་བོད་ལྗོངས་ཆ་འཕྲིན་དྲ་གནས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཟླ་༤ ཚེས་༡༩ ཉིན་གྱི་དགོང་མོའི་ཆུ་ཚོད་༢༢ ཀྱི་བར། ཡུལ་ཤུལ་གྱི་ས་ཡོམ་ཁྲོད་ཚེ་ལས་འདས་པའི་མི་གྲངས་༢༠༣༩ ཟིན་ཞིང། གར་སོང་ཆ་མེད་དུ་གྱུར་བའི་མི་གྲངས་༡༩༥ ཟིན་པ་དང་། རྨས་མ་༡༢༡༣༥ དང་རྨས་སྐྱོན་ཚབས་ཆེན་ཕོག་པའི་མི་གྲངས་༡༤༣༤ བཅས་ཟིན་ཡོད་པ་རེད།།