ས་ཡོམ་གོད་ཆག་བྱུང་ཡུལ་གྱི་སྔ་གཞུག
གར་སོང་ཆ་མེད་དུ་གྱུར་པ་༡༩༥ དང། རྨས་མ་༡༢༡༣༥ རྨས་སྐྱོན་ཚབས་ཆེན་ཕོག་པ་༡༤༣༤ ཡོད་པ་རེད། ཡིན་ནའང་མི་མང་གིས་ཕུང་པོ་རོབ་རྩིས་བྱས་པ་ནི་མི་ཁྲི་ཡས་མས་འདས་གྲོངས་སོང་ བའིི་གནས་ཚུལ་འདུག
ཟླ་ འདིའི་ཚེས་༡༤ ཉིན་གྱི་ཞོགས་པ་ཁམས་སྐྱེ་རྒུ་མདོའི་ས་གནས་སུ་ས་ཡོམ་རིམ་པ་༧༌༡ ཅན་ཞིག་བརྒྱབ་སྟེ། ཡུལ་མིར་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པ་དང། ས་ཡོམ་བྱུང་མ་ཐག་ཏུ་སྒྲིག་འཛུགས་ཡོད་པའི་མྱུར་སྐྱོབ་བྱེད་མཁན་མ་བྱུང་བའི་ རྐྱེན་གྱིས་མི་ཧ་ཅང་མང་པོའི་ཚེ་སྲོག་ཤོར་ཡོད་པ་རེད། “དང་ཐོག་མྱུར་སྐྱོབ་བྱེད་མཁན་དགོན་སྡེ་ཁག་གི་དགེ་འདུན་པ་འབྱོར་བ་ལས། རྒྱ་ནག་གཞུང་གིས་སྦྱོང་བརྡར་ཡོད་པའི་ཉེན་སྐྱོབ་པ་བཏང་མེད་ལ། ཡུལ་དེའི་དམག་མི་ཚོ་ཡང་རི་འགོར་བྲོས་པ་ལས་མྱུར་སྐྱོབ་བྱེད་རོགས་བྱས་མ་ སོང་”ཞེས་ས་གནས་ཡུལ་མི་ཚོས་བརྗོད་ཀྱི་ཡོད་པ་རེད།
ཕྱི་ཉིན་ས་ཡོམ་གྱི་ཉེན་ཁ་ཅུང་ཆུང་དུ་ཕྱིན་རྗེས་དམག་མི་ཡང་ཧ་ཅང་མང་པོ་འབྱོར་ བ་དང། རྒྱ་ནག་གཞུང་འབྲེལ་གྱི་བརྙན་འཕྲིན་བརྒྱུད་ལམ་ཁག་ཏུ་དམག་མི་དང་ཉེན་སྐྱོབ་རུ་ ཁག་གིས་ཧ་ཅང་ནུས་ཤུགས་འདོན་གྱི་ཡོད་པ་དང། གཞུང་གིས་རོགས་དངུལ་ཕོན་ཆེན་སྤྲོད་ཀྱི་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་ནའང། ཉེན་ཁ་ཆེ་ས་ཚང་མར་དགེ་འདུན་པ་འགྲོ་བ་ལས། དམག་མིས་དཀའ་ལས་དེ་ཙམ་རྒྱག་རོགས་བྱེད་ཀྱི་མེད་སྐོར་བརྗོད་མཁན་ཡང་འདུག བོད་ཀྱི་ས་གནས་གང་ས་ནས་དགེ་འདུན་པ་མང་པོ་ཞིག་མྱུར་སྐྱོབ་བྱེད་སར་འགྲོ་སྐབས། རྒྱ་ནག་གཞུང་གིས་བཀག་འགོག་དང། སྔོག་བཤེར་སོགས་བྱས་ཏེ་སུན་གཙེར་སྣ་ཚོགས་བཟོས་ཡོད་པ་དང། རྨས་མ་སྨན་ཁང་དུ་བསྐྱོད་སྐབས་སྨན་པ་མང་ཆེ་བ་རྒྱ་རིགས་ཡིན་པས། སྐད་བརྡ་མ་འཕྲོད་པའི་དཀའ་ངལ་བྱུང་སྐབས་བོད་པའི་སློབ་གྲྭ་ཁག་གི་སློབ་མ་སྐད་ བསྒྱུར་དུ་ཆེད་གཏོང་བྱས་འདུག སྨན་ཁང་ཁ་ཐག་རིང་བ་དང། སྨན་ཁང་དུ་ནད་པ་མ་ཤོང་བ། གསོན་པོ་རྣམས་ཀྱིས་ཉིན་ཞག་མང་པོར་ཟས་གོས་མ་རག་པ། རྒན་ཁོགས་དང་ཕྲུ་གུ་ཆུང་ཆུང་ཚོ་བདག་མེད་དུ་ལུས་པ་སོགས་ཀྱི་དཀའ་ངལ་ཆེན་པོ་ འཕྲད་པ་མ་ཟད། ཕ་མ་འདས་གྲོངས་སོང་བའི་དྭ་ཕྲུག་ཚོར་ཉེན་སྐྱོབ་དུ་ཡོང་མཁན་གྱི་དགེ་འདུན་པས་ བདག་སྐྱོང་བྱེད་དགོས་བྱུང་བ་དང། ས་ཆ་ཁུག་ཀྱོག་ཁག་ཏུ་ཡང་དགེ་འདུན་པ་མྱུར་སྐྱོབ་དང། ཞལ་འདེབས་སྤྲོད་དུ་འགྲོ་ཡི་ཡོད་པ་ལས། གཞུང་འབྲེལ་གྱི་ངོས་ནས་བརྙན་འཕྲིན་མདུན་མ་གཏོགས་རྒྱབ་ལོག་གི་དཀའ་ངལ་རིགས་ལ་ ལྟ་སྐྱོང་དེ་ཙམ་བྱེད་ཐུབ་མེད་པ་རེད།
སྐྱེ་རྒུ་མདོར་གནས་སྡོད་ཨ་རིའི་ཡུལ་མི་ཨཱར་ནོ་ཀེང་ཞེས་པའི་དབྱིན་ཡིག་དགེ་ རྒན་ཞིག་ཡོད་པ་དེས། “ངས་རྒྱ་ནག་གཞུང་གིས་རོགས་རམ་བྱེད་ཀྱི་ཡོད་པ་མཐོང་མ་སོང། ཁོང་ཚོས་མི་ཁ་ཤས་སྐྱོབ་ཐུབ་པ་དེ་པར་བརྒྱབ་ནས་བསྡད་འདུག།ཉེན་ཁ་ཆེ་ས་ནས་རྒྱང་ ཐག་རིང་དུ་སྡོད་པ་ལས། དཀའ་ངལ་ཆེ་སར་ཡོང་གི་མི་འདུག་ལ། ས་འོག་སྔོག་མཁན་མང་ཆེ་བ་དགེ་འདུན་པ་རེད། ངས་ཡུལ་དེར་གནས་སྡོད་ཆོག་པའི་ལག་ཁྱེར་དུས་ཚོད་ཕར་འགྱངས་ཆེད་ལས་ཁུངས་སུ་དེ་ སྔོན་བསྐྱལ་ཡོད། ས་ཡོམ་རྗེས་ང་ལེན་དུ་འགྲོ་སྐབས། འབྲེལ་ཡོད་ལས་བྱེད་ཀྱིས་ང་ལ་འདིར་མ་སྡོད། ས་ཡོམ་གྱི་སྐབས་ཕྱི་རྒྱལ་མི་གཅིག་ཀྱང་འདིར་དགོས་ཀྱི་མེད་ཟེར་གྱི་འདུག མི་མང་ལ་སྨན་དང་ཟས་རིགས་སོགས་ལ་དཀའ་ངལ་འཕྲད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་མི་མང་ཡར་ལངས་བྱེད་རྒྱུར་ཞེད་སྣང་བྱེད་ཀྱི་འདུག་”ཅེས་བྷི་ བྷི་སི་གསར་གནས་སུ་འགྲེལ་བརྗོད་བྱས་འདུག
རིམ་པས་རྒྱ་ནག་གི་སྲིད་འཛིན་དང། སྲིད་བློན་གྱིས་དབུས་དཔོན་རིགས་ཁག་གཟིགས་སྐོར་དུ་ཕེབས་ཡོད་ནའང། དུས་རྒྱུན་བོད་རིགས་མི་མང་དང། རྒྱ་ནག་གཞུང་གི་བར་བརྩེ་སེམས་མེད་པས། མི་མང་གིས་༧གོང་ས་མཆོག་གདན་འདྲེན་ཞུ་དགོས་སྐོར་ཁ་ཁུ་སིམ་སིམ་ངང་བརྗོད་པ་ལས། རྒྱ་ནག་གི་དཔོན་རིགས་ཚོར་བློ་གཏོད་བྱེད་ཐུབ་ཀྱི་མེད་པ་དང། དཔོན་རིགས་ཚོ་ཡང་འབྱོར་བ་ཙམ་ལས། ༢༠༠༨ ལོར་རྒྱ་ནག་སི་ཁྲོན་ཞིང་ཆེན་དུ་ས་ཡོམ་བྱུང་སྐབས་ལྟ་སྐྱོང་བྱས་པ་ལྟར། ད་ཐེངས་བོད་མི་མང་ལ་ལྟ་སྐྱོང་དེ་ཙམ་བྱས་མེད་པ་རེད། སི་ཁྲོན་དུ་ས་ཡོམ་བྱུང་སྐབས་གཞུང་གིས་མྱུར་སྐྱོབ་བྱེད་མཁན་ཚད་ལྡན་བཏང་ཡོད་ པ་དང། གསར་འགྱུར་བརྒྱུད་ལམ་ཚང་མར་ས་ཡོམ་གྱི་གནས་སྟངས་ཆེད་གཏོང་བྱས་ཡོད་ནའང། ད་ཐེངས་མཚོ་སྔོན་བརྙན་འཕྲིན་གཅིག་པུ་ལས། བརྙན་འཕྲིན་བརྒྱུད་ལམ་གཞན་པའི་ཐོག་གནས་ཚུལ་ཆེད་གཏོང་ལེ་ཚན་བསྒྲིགས་མེད་ལ། མཚོ་སྔོན་བརྙན་འཕྲིན་ནང་དུའང་ཉིན་དང་པོའི་ཛ་དྲག་སྐབས་ཆེད་གཏོང་ལེ་ཚན་ བསྒྲིག་ཐུབ་མེད་པ་རེད།
བོད་མི་ཚོས་ཉིན་དང་པོ་ནས་མྱུར་སྐྱོབ་བྱེད་དུ་འགྲོ་རྒྱུ་དང། ཞལ་འདེབས་བསྡུ་འགོ་ཚུགས་ཡོད་པ་དང། རིམ་པས་རྒྱ་ནག་གཞུང་དང། རྒྱ་རིགས་གཞས་པ་དང། གློག་བརྙན་འཁྲབ་སྟོན་པ་སོགས་ཀྱིས་ཀྱང་ཞལ་འདེབས་བསྡུ་རུབ་སོགས་བྱས་འདུག བོད་ཀྱི་དགོན་སྡེ་ཁག་དང་ཚོང་པ་སོགས་ཀྱིས་ཞལ་འདེབས་སྤྲོད་པ་དང་ཆོས་ཕྱོགས་ ཀྱིས་བསྔོ་བ་སྨོན་ལམ་རྒྱ་ཆེན་འཚོག་བཞིན་ཡོད་པ་རེད། ཡིན་ནའང་ས་ཡོམ་གྱི་ཆེད་དུ་དཔལ་འབྱོར་བསྡུ་རུབ་བྱས་པ་དེ་མི་མང་གི་ལག་ཏུ་ འབྱོར་མིན་ལ་ཐེ་ཚོམ་བྱེད་ཀྱི་ཡོད་པ་དང། རྒྱ་ནག་གཞུང་གིས་དྲིལ་བསྒྲགས་བྱས་པ་ཁག་ལ་ཡང་བོད་མི་མང་གིས་ཡིད་ཆེས་བྱེད་ ཐུབ་ཀྱི་མེད་པ་རེད།
རྒྱ་ནག་གཞུང་གིས་ཕྱི་རྒྱལ་ཁག་ནས་རོགས་དངུལ་སྤྲོད་མཁན་བཀག་འགོག་དང། གནས་ཚུལ་བསྡུ་མཁན་གསར་འགོད་པ་སོགས་བཀག་འགོག་བྱས་ཡོད་པ་རེད། ས་ཡོམ་ཁྲོད་གཞུང་གི་ལས་བྱེད་པར་གནོད་སྐྱོན་དེ་ཙམ་བྱུང་མེད་པ་དང། མི་མང་གི་ཁང་པ་དང། དགོན་པ། སློབ་གྲྭ་བཅས་ཀྱི་ཁང་པར་རྡིབ་སྐྱོན་ཤུགས་ཆེ་ཤོས་བྱུང་ཡོད་པ་རེད།།
{jcomments on}