སྐྱེ་རྒུ་མདོར་ད་དུང་ས་ཡོམ་ཆུང་ཆུང་མང་པོ་རྒྱུག་རྒྱུ་རེད་ཟེར།

འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་ལག་རྩལ་སྟོབས་ཤུགས་རྩ་འཛུགས་བྱས་ནས། ཆུ་མཛོད་དང་ཟམ་པ་སོགས་སྒྲིག་ཆས་གཙོ་བོར་ཞིབ་བཤེར་དང་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་གཙིགས་སུ་བཟུང་སྟེ། ས་ཡོམ་ཆུང་ཆུང་བརྒྱུགས་པ་དང་ཁངས་ཆར་འབབ་པའི་གནས་ཚུལ་ལ་སྔོན་བརྡ་གཏོང་བའི་བྱ་བར་ཤུགས་བསྣན་ནས། ཡང་བསྐྱར་འབྱུང་སྲིད་པའི་གནོད་འཚེ་སྣ་ཚོགས་ལ་སྔོན་འགོག་བྱེད་དགོས་ཟེར།
ཚེས་ཉེར་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་བསྡུས་པའི་གནོད་སེལ་རྒུད་སྐྱོབ་བྱ་བའི་གནས་ཚུལ་སྒྲོག་སྤེལ་ཚོགས་འདུའི་ཐོག་ཏུ། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དཔལ་འབྱོར་འཁོར་རྒྱུག་སྙོམས་ སྒྲིག་ཚོད་འཛིན་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བེ་ཀོས་ཅུན་གྱིས་གནོད་ཐེབས་ས་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་ཉམས་གསོ་དང་མྱུར་མཁོ་དངོས་རྫས་ལ་ཁག་ཐེག་བྱེད་པའི་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས། བེ་ཀོས་ཅུན་གྱིས་གོ་རིམ་རྗེས་མའི་བྱ་བར་བཀོད་སྒྲིག་བྱས་པ་སྟེ། གཅིག་ནས་གནོད་འཚེ་ཐེབས་པའི་རྨང་གཞིའི་སྒྲིག་ཆས་མྱུར་སྐྱོབ་བྱེད་པའི་བྱ་བ་མུ་མཐུད་དུ་བཟང་བོར་སྒྲུབ་དགོས་པ་དང་། གཉིས་ནས་ཡང་བསྐྱར་འབྱུང་སྲིད་པའི་གནོད་འཚེ་སྔོན་འགོག་དང་དོགས་ཟོན་བྱེད་པའི་བྱ་བ་གཙིགས་སུ་འཛིན་དགོས། གསུམ་ནས་རྒུད་སྐྱོབ་དངོས་རྫས་སྣ་ཚོགས་མཁོ་སྤྲོད་བྱེད་པའི་བྱ་བར་ཁག་ཐེག་བྱེད་དགོས་པ་བཅས་ཡིན་ཟེར།
བེ་ཀོས་ཅུན་གྱིས་བཤད་རྒྱུར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་ལྟར། གནོད་སེལ་རྒུད་སྐྱོབ་བྱ་བའི་སྤྱིའི་བཀོད་འདོམས་པུའུ་ཡིས་ཆེད་དུ་གནོད་འཚེ་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཚན་ཆུང་བཙུགས་ཏེ། སྐྱར་འཛུགས་བྱ་བ་སྣ་ཚོགས་གཅིག་གྱུར་སྒོས་འཆར་འགོད་བྱེད་རྒྱུ་ཡིན་ཟེར།།