རྨ་ཆུ་རྫོང་གི་དགེ་རྒན་ཚོར་ཉེས་ཆད།
སློབ་གཙོ་གཞོན་པ་རྡོ་རེད། དེ་བཞིན་རྫོང་ཉེན་རྟོག་པའི་འགན་འཛིན་བཅས་ལས་གནས་ནས་ཕྱིར་ཕུད་བཏང་ཡོད་པ་པ་རེད། དེ་རྗེས་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་ཕྱིར་ཕུད་བྱས་པ་ཚོར་ལས་ཀ་ཕྱིར་སྤྲོད་དགོས་སྐོར་བརྗོད་དེ། རྒྱ་ནག་གཞུང་ལ་བསྐྱར་དུ་ངོ་རྒོལ་དང་རེ་བ་བཏོན་ཡང་། ངོས་ལེན་མ་བྱས་པ་མ་ཟད། སློབ་གྲྭའི་དགེ་རྒན་༢༡ ལ་སློབ་མ་ཚོར་འགན་མ་འཁུར་བ་དང་སློབ་གསོ་ཡང་དག་མ་སྤྲད་པ་སོགས་ཀྱི་སྐོར་བཤད་དེ་རྒྱ་སྒོར་ཁྲི་༢ ནས་ཁྲི་དྲུག་བར་གྱི་ཉེ་ཆད་བཅད་ཡོད་འདུག།།