སྐྱེ་རྒུའི་ས་ཡོམ་ནང་སྲོག་ཤོར་མི་༢༢༠༣ ལ་སླེབས་འདུག་ཟེར།
ད་བར་རྨས་སྐྱོན་ཕོགས་པ་ཁྲི་གཅིག་ལྷག་ཡོད་པ་མ་ཟད། ད་ལྟའི་ཆར་གནས་སྟངས་རྩད་གཅོད་མ་ཐུབ་པའི་མི་གྲངས་༧༣ ཙམ་ཡིན་ཚུལ་ཡང་བརྗོད་ཡོད་པ་རེད། ད་ལྟའི་ཆར་མིའི་ཚེ་སྲོག་ལ་གནོད་སྐྱོན་ཕོགས་པའི་གྲངས་ཚད་ལ་བཤད་སྟངས་མི་འདྲ་བ་གང་མང་ཞིག་ཡོད་པ་དང། བོད་ཕྱི་ནང་ནས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ངོ་སྤྲོད་བྱེད་མཁན་ཁག་ཅིག་གིས་སྲོག་ཤོར་བའི་གྲངས་༡༠༠༠༠ ལྷག་ཟིན་ཡོད་ཚུལ་ཡང་བརྗོད་མཁན་འདུག།ད་དུང་ཛ་དྲག་གི་སྨན་བཅོས་བྱེད་པར་བསྐྱོད་སྐབས་ཁྱོ་ཀ་དང་། སྐྱེ་དམན་གཉིས་སྨན་ཁང་ཁ་ཁ་ཆགས་པ་མ་ཟད། ཁ་ཤས་ད་ལྟའི་ཆར་ཡང་ཕན་ཚུན་ཞིང་ཆེན་དང་ས་གནས་གང་དུ་ཡོད་མེད་རྩད་གཅོད་བྱེད་མ་ཐུབ་པས་རྨས་སྐྱོན་ཕོག་པའི་ནད་པ་རྣམས་ཀྱི་སེམས་ཁམས་ལ་དཀའ་ངལ་འཕར་མ་འཕྲད་བཞིན་ཡོད་པ་རེད།