མོན་གྷོ་རང་བདེན་ཚོགས་ཆུང་གི་མཛད་སྒོ།

སྐབས་དེར་ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་མོན་གྷོ་ས་གནས་འགོ་འཛིན་དཔལ་ལྡན་དོན་གྲུབ་དང་། ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་གཙོས་གཞིས་ཆགས་ཀྱི་འགོ་ཁྲིད་ལས་བྱེད་རྣམ་པ་དང་གྲྭ་ཚང་ཁག་གི་ཕྱག་མཛོད་དང་། གཞིས་གྲོང་ཁག་གི་ཕྱི་མི་སོགས་ཕེབས་ཡོད་པ་རེད། ཐོག་མར་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་ཆེན་མོར་མཇལ་དར་སྒྲོན་འབུལ་ཞུས་རྗེས། མོན་གྷོ་རང་བདེན་ཚོགས་ཆུང་སྐབས་༡༦ པའི་ཚོགས་གཙོ་གུ་གྲགས་ལགས་ཀྱིས་ལོ་འཁོར་ལས་བསྡོམས་སྙན་སྒྲོན་དང་གསལ་བཤད་གྲུབ་རྗེས། སྐུ་མགྲོན་གཙོ་བོ་ས་གནས་མགོ་འཛིན་དཔལ་ལྡན་དོན་གྲུབ་དང་ས་གནས་ཚོགས་གཙོ་གུ་རུ་རྒྱལ་མཚན་རྣམ་གཉིས་ཀྱིས་གསུང་བཤད་གནང་དོན། ས་གནས་རང་དབང་ཚོགས་ཆུང་སྐབས་༡༦ པའི་ལོ་འཁོར་ལས་བསྡོམས་ཀྱི་རྩིས་ཐོ་ལྟར་ན་དཔྱ་ཁྲར་འབུལ་འབབ་ལོ་རེ་ནས་ལོ་རེར་མཐོ་རུ་སོང་ཡོད་འདུག་དེ་ནི། ཡར་རྒྱས་ཚག་ཚུད་ཀྱི་ཕྱག་ལས་གནང་བའི་རྟགས་རེད། དེ་འདྲ་སོང་ཙང་རང་བདེན་ཚོགས་ཆུང་སྐབས་༡༧ པའི་དེ་ལས་ལྷག་པའི་ཕྱག་ལས་ཞིག་གནང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད་སྐོར་གྱི་བཀའ་སློབ་ལམ་སྟོན་གནང་སོང་།།

མོན་གྷོ་གསར་འགོད་པ་ཐུབ་བསྟན་བཀྲ་ཤིས།