རྩོམ་པ་པོ་ཞོགས་དུང་འཇུ་བཟུང།

དགོང་མོ་དུས་ཚོད་ ༡༠ ཡས་མས་སུ་ཉེན་རྟོག་པ་སླར་ཡང་ཁྱིམ་ལ་ཡོང་སྟེ་རྩིས་འཁོར་ཡིག་དཔར་སོགས་ཁྱེར་ཡོད་འདུག མཚན་གུང་དུས་ཚོད་༣ ཡས་མས་སུ་ཉེན་རྟོག་པ་ཡང་བསྐྱར་ཁྱིམ་ལ་ཡོང་སྟེ་ཞོགས་དུང་དངོས་སུ་བཀག་སྐྱིལ་བྱས་པའི་བརྡ་ཡིག་སྤྲད་པ་དང། ལྷ་འཚོ་དང་བུ་མོ་ཡེ་ཤེས་འཚོ་མོ་སོགས་ཟི་ལིང་གྲོང་ཁྱེར་བཀག་སྐྱིལ་ཁང་དང་པོ་རུ་ཐེངས་འགར་ཕྱིན་ཀྱང་ངོ་ཐུག་མ་ཐུབ་པ་མ་ཟད། ད་ལྟ་དངོས་གནས་དེ་རུ་ཡོད་མེད་ཤེས་ཀྱི་མེད་པ་རེད། ས་ཡོམ་གོད་ཆག་བྱུང་བའི་ཉིན་གསུམ་པར་ཞོགས་དུང་སོགས་ཡུལ་ཤུལ་དུ་འགྲོ་རྒྱུ་བྱས་ཀྱང་ལམ་ཡིག་མ་རག་པར་བརྟེན། ཟི་ལིང་དུ་བསྡད་དེ་རོགས་སྐྱོར་དངོས་རྫས་དབོར་འདྲེན་ལ་རོགས་འདེགས་དང་སྨན་ཁང་དུ་རྨས་མར་རོགས་སྐྱོར་བྱས་ཡོད་པ་རེད། ས་ཡོམ་གྱི་གོད་ཆག་བྱུང་རྗེས་ཁོང་དང་ཤེས་ཡོན་པ་ཁག་ཅིག་གིས་ས་ཡོམ་གོད་ཆག་སྐོར་ལ་རྩོམ་ཡིག་ཅིག་ཀྱང་བྲིས་ཏེ་འགྲེམས་སྤེལ་བྱས་ཡོད་པ་དང། དེ་སྔོན་ཁོང་གིས་གནམ་ས་གོ་འབྱེད་ཅེས་པའི་༢༠༠༨ ལོའི་བོད་མིའི་ཞི་རྒོལ་སྐོར་གྱི་དེབ་ཅིག་ཀྱང་བྲིས་པར་བརྟེན། རྒྱ་ནག་གཞུང་གིས་ཁོང་ལ་དོ་དམ་བྱེད་འགོ་ཚུགས་ཡོད་འདུག །