ཞོགས་དུང་གློད་གྲོལ་ཆེད་རྒྱབ་སྐྱོར་གནང་རོགས།

རྒྱ་ནག་གཞུང་གིས་ཞོག་དུང་འཛིན་བཟུང་སྐབས། རྒྱལ་ཁབ་མགོ་རྟིང་སློག་པའི་དོགས་གཞིའི་འོག་ནས་འཛིན་བཟུང་བྱས་པ་ཡིན་སྐོར་བརྗོད་ཡོད་པ་དང། ཁོང་གིས་༢༠༠༨ ལོའི་བོད་མིའི་ཞི་རྒོལ་སྐོར་ལ་བྲིས་པའི་དཔེ་དེབ་གནམ་ས་གོ་འབྱེད་ཅེས་པ་སྐད་གྲགས་ཆེན་པོ་ཆགས་ཡོད་པས་རྒྱ་ནག་གཞུང་གིས་བཀག་འགོག་བྱས་པ་དང། དཔེ་དེབ་དེ་བཙོང་སའི་དཔེ་ཁང་ཁག་ཅིག་ཀྱང་སྒོ་བརྒྱབ་ཡོད་སྐོར་འདུག

shongdhong 1ཟླ་འདི་ཚེས་༢ ཉིན་ཕྱི་སྡོད་བོད་མི་རྩོམ་པ་པོ་མཐུན་ཚོགས་ཀྱིས་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན། དང་པོ། རྒྱ་ནག་གཞུང་གིས་ངེས་པར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྲོལ་གཏན་འབེབས་ཁག་ལ་བརྩི་བཀུར་དང། རྒྱ་ནག་གི་རྩ་ཁྲིམས་ཀྱི་འབྲུ་དོན་ལ་གོང་བཀུར་ཞུས་ནས་སྐབས་ཐོག་བཀག་ཉར་བཙོན་འཇུག་བྱས་ཟིན་པ་རྩོམ་པ་པོ་ཞོགས་དུང་དང། ཐེའུ་རང་ཞོགས་ལྗང་སོགས་ཀྱི་རང་དབང་དང་ཐོབ་ཐང་ལ་སྲུང་སྐྱོང་བྱ་རྒྱུ་མ་ཟད། ལོ་བཅུའི་ཁྲིམས་ཐག་བཅད་ཟིན་པའི་སྒྲོལ་མ་སྐྱབས་སོགས་ཆ་རྐྱེན་ཅི་ཡང་མེད་པའི་ཐོག་ནས་གློད་གྲོལ་གཏོང་དགོས།

གཉིས་པ། འཛམ་གླིང་མི་མང་སྤྱི་དང་མང་གཙོའི་དོན་གཉེར་པ། རང་རིགས་རྣམས་ཀྱིས་རྩོམ་པ་པོ་བཀྲ་རྒྱལ་མྱུར་ཏུ་གློད་གྲོལ་ཡོང་ཐབས་སུ་ཁྱེད་གིས་གཤམ་གསལ་ཁ་བྱང་དུ་རྒྱ་སྐྱོར་གནང་རོགས།
kangkargyalse878@yahoo.co.in tenzin1984@yahoo.co.in པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་མི་མང་གི་རྒྱབ་སྐྱོར་མཚན་ཐོ་བསྡུ་རུབ་གྲུབ་རྗེས། རྒྱལ་སྤྱིའི་པེན་གྱི་དབུས་ཚོགས་པ་དང། རྒྱལ་ཁབ་བརྒྱ་དང་གསུམ་གྱི་ནང་དུ་ཡོད་པའི་ཡན་ལག་པེན་གྱི་ཡན་ལག་ཚོགས་པ་ཁག་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་དང། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་ལ་འབུལ་རྒྱུ་ཡིན་སྐོར་སོགས་འཁོད་ཡོད་པ་རེད།།