ཧྥ་རན་སིའི་སྲིད་འཛིན་གྱིས་རྒྱ་ནག་ཏུ་གཟིགས་སྐོར།

དེ་ཡང་ཟླ་འདིའི་ཚེས་༢༨ ཉིན་བྷི་བྷི་སིའི་གསར་འགོད་པས་ཧྲང་ཧེ་ནས་གནས་ཚུལ་སྤེལ་བ་ལྟར་ན། འདས་པའི་དུས་ཡུན་ནང་བོད་ཀྱི་གནད་དོན་ལ་ཧྤ་རན་སིའི་གཞུང་མང་གིས་རྒྱབ་སྐྱོར་བྱས་པ་དང། དེ་བཞིན་༧ཏཱ་ལའི་བླ་མ་མཆོག་ལ་ཧྤ་རན་སའི་ཡུལ་མིའི་ཐོབ་ཐང་ཕུལ་པ་བཅས་ལ་བརྟེན་ནས། ཧྤི་རན་སི་དང་རྒྱ་གཉིས་དབར་གྱི་འབྲེལ་ལམ་སྡུག་ཏུ་སོང་ནས། ཧྤ་རན་སིའི་བཟོ་གྲྭས་ཐོན་བསྐྱེད་བྱས་པའི་རླངས་འཁོར་རིགས་གཅིག  རྒྱ་ནག་གིས་ནང་འདྲེན་བྱེད་རྒྱུར་བཀག་བསྡོམས་བྱས་ཡོད་པས། ཧྤ་རན་སིའི་ཁྲོམ་རའི་དཔལ་འབྱོར་ལ་ཤུགས་རྐྱེན་གང་འཚམས་ཐེབས་ཡོད་འདུག

ད་ཐེངས་ཧྤི་རན་སིའི་སྲིད་འཛིན་དང་ཁོང་གི་བཟའ་ཟླ། འབྲེལ་ཡོད་ལས་བྱེད་སོགས་ཆེད་དུ་རྒྱ་ནག་ནང་གཟིགས་སྐོར་ལ་ཕེབས་དོན་ནི། རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་རྒྱུན་ལྡན་ཡོང་ཐབས་དང་། ཕྱོགས་གཞན་ཞིག་ནས་ཨི་རན་རྒྱལ་ཁབ་ཀྱི་རྡུལ་ཕྲན་བཟོ་སྐྲུན་ལ་རྒྱལ་ཚོགས་ཀྱིས་ཉེས་ཆད་གཏན་འབེབས་བྱས་ཡོད་པར། རྒྱ་ནག་དང་ཨུ་རུ་སུ་གཉིས་ཨི་རན་རྒྱལ་ཁབ་དང་ལྷན་དུ་རྡུལ་ཕྲན་སོགས་ཀྱི་ཚོང་འབྲེལ་ཡག་པོ་ཡོད་པས། ད་ལྟའི་ཆར་ཉེས་ཆད་དེ་ངོས་ལེན་བྱས་མེད་པ་དང།  རྒྱལ་ཚོགས་ཀྱི་གཏན་འཇགས་རྒྱལ་ཁབ་ཀྱི་ཁོངས་སུ་ཡོད་པའི་ཨ་རི་དང། དབྱིན་ལེན། ཧྤ་རན་སི་བཅས་ཀྱིས་ཨི་རན་ལ་ཉེས་ཆད་དེ་འགེལ་དགོས་པའི་ཤུགས་སྣོན་རྒྱག་གི་ཡོད་པ་རེད།

ཧྤ་རན་སིའི་སྲིད་འཛིན་མཆོག་རྒྱ་ནག་ཏུ་གཟིགས་སྐོར་ལ་ཕེབས་པ་དང་སྟབས་བསྟུན། རྒྱལ་ཁབ་༡༠༠ ལྷག་ཙམ་གྱི་སྒྱུ་རྩལ་བ་དང་འགྲེམས་སྟོན་པ། ཚོང་པ་འབྱོར་ལྡན་སོགས་ལྷན་ཞུགས་ཀྱིས། ཟླ་འདིའི་ཚེས་༡ ནས་འགོ་འཛུགས་བྱས་པའི་ཧྲང་ཧེ་འཛམ་གླིང་དངོས་མང་འགྲེམས་སྟོན་ལྷན་ཚོགས་ནང་ཕེབས་ཡོད་པ་དང། ཡུལ་དེའི་ཆབ་སྲིད་མི་སྣ་དང་ཚོང་པ་སོགས་དང་ལྷན་དུ་ཐུག་འཕྲད་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།