བོད་ཀྱི་རྐང་རྩེད་སྤོ་ལོའི་འགྲན་སྡུར།

དེ་ཡང་ཟླ་འདིའི་ཚེས་༤ ཉིན་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ངོས་ནས་གསར་འགོད་གསལ་བསྒྲགས་ཤིག་གནང་བ་དང། ཟླ་འདིའི་ཚེས་༧ ནས་༡༡ ཀང་ར་ཉེན་རྟོག་པའི་རྩེད་ཐང་དུ། རྒྱ་གར་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་༢༢ པའི་ནང་བོད་རྒྱལ་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ཞུགས་རྒྱུ་ཡིན་པ་རེད། དེ་བཞིན་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཀྱི་རྩེད་འགྲན་དེ་ལྷོ་ཕྱོགས་བྷེལ་ཀོབ་ས་གནས་སུ་རྩེ་རྒྱུ་གཏན་ཁེལ་ཡོད་འདུག །