སྒྱུ་རྩལ་སློབ་བསྡུའི་གསལ་བསྒྲགས།
བོད་ཀྱི་བརྡ་སྤྲོད་སྤྱི་དོན། བཟོ་རིག་པའི་ལོ་རྒྱུས། ནང་ཆོས་ཀྱི་གཞི་རྩའི་ཤེས་ཡོན་བཅས་ལ་ལོ་གསུམ་རིང་གོ་སྐབས་སྤྲོད་གཏན་འཁེལ་ན། ལྷ་བྲིས་བཟོ་རིག་སྒྱུ་རྩལ་རིག་གནས་ལ་ཆེད་སྦྱོང་གནང་འདོད་ཡོད་རིགས་ཕྱི་ལོ་༢༠༡༠ ཟླ་༧ ཚེས་༡ འགྱངས་མེད་འཚང་སྙན་ཕུལ་འབྱོར་དགོས་རྒྱུ་དང༌། ཕྱི་ལོ་༢༠༡༠ ཟླ་༧ ཚེས་༡༩ དང་༢༠ ཉིན་གཉིས་རིང་བོད་ཡིག་དང་ལྷ་བྲིས་གཉིས་ལ་འཚུད་རྒྱུགས་གཏོང་རྒྱུ་དང་ཕྱི་ལོ་༢༠༡༠ ཟླ་༨ ཚེས་༢ ལ་སློབ་འགོ་འཛུགས་རྒྱུ།
ཀ༽འཛུལ་ཞུགས་ཆ་རྐྱེན།
༡༽རང་ལོ་༡༥ ནས་ཉེར་ལྔ་བར་ཡིན་པའི་ཁུངས་འཕེར་ཡིག་ཆ་དང་ཕྱེད་པར་གཉིས། ༢༽འཛིན་རིམ་བརྒྱད་པའི་བོད་ཡིག་ཤེས་ཚད་ཡོད་པ། ༣༽བོད་གཞུང་འཕྲོད་བསྟེན་ཁྱབ་ཁོངས་ཚད་ལྡན་སྨན་ཁང་གང་རུང་ནས་གཟུགས་ཐང་ལས་འཕེར་ཡིན་པའི་ངོ་སྦྱོར་སྟེང་འདྲ་པར་མཉམ་སྦྱར་ལ་དག་མཆན་ལས་དམ་འཁོད་པ།
༤༽འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་ཁྲལ་ལག་དེབ་ཀྱི་ངོ་བཤུས། ༥༽སློབ་ཞུགས་ཞུ་སྙན་དུས་འགྱངས་ཕྱིན་ཚེ་འདི་ནས་རྩིས་མེད་གཏོང་རྒྱུ། ༥༽འཛུལ་ཞུགས་སྐབས་ཀྱི་འགྲོ་གྲོན་རང་ཁོངས་ནས་གཏོང་དགོས།
ཁ༽མཐུན་རྐྱེན་སྦྱོར་འབུལ།
༡༽སྦྱང་གཞི་གཙོ་བོ། ལྷ་བྲིས་བཟོ་རྩལ་གྱི་གཞུང་ལུགས་དང་ལག་ལེན་མཉམ་སྦྲགས།
༢༽སློབ་སྦྱོང་དུས་ཡུན་ལོ་གསུམ།
༣༽སློབ་དུས་རིང་སློབ་ཡོན་དང༌། ཞལ་ལག ཉལ་ཁང་བཅས་རིན་མེད་ནར་གཏོང་ཐོག་ཟླ་རེར་ལག་དངུལ་སྒོར་༥༠༠ སྤྲོད་རྒྱུ།
༤༽བོད་ཀྱི་བརྡ་སྤྲོད། བཟོ་རིག་ལོ་རྒྱུས། ནང་ཆོས་ཀྱི་གཞི་རྩའི་ཤེས་བྱ་བཅས་ཟུར་ཁྲིད།
Dolkar kyap(Director)
Academy of Tibetan Culture Norbulingka Institute
P.O SIdhpur-176057 H.P
India
Tel:+91+1892 246402/246405
mobile:9816013366
dolkarkyap@norbulingka.org
norlingcollege@yahoo.com